ལྷ་སའི་འགྲེམས་སྟེགས་2019ལོའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་འགྲེམས་ཚོགས་སྟེང་མངོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-21


ལས་བྱེད་མི་སྣས་ལྷ་སའི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱེད་པ།
              ཟླ་6པའི་ཚེས་18ཉིན་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཚོང་དོན་བརྗེ་རེས་ཚོགས་འདུའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་བཤམས་སྟོན་ཚོགས་འདུ་སྟེ། བསྡུས་མིང་ལ་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་བཤམས་སྟོན་ཚོགས་འདུ་ཞེས་པ་རྒྱལ་ཁབ་གྲོས་ཚོགས་ལྟེ་བར་སྒོ་ཕྱེ། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཚོང་དོན་བརྗེ་རེས་ཚོགས་འདུའི་ཆེད་ལས་ཀྱི་ཆ་ཤས་གཙོ་བོ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ལས་རིགས་ཀྱི་བརྗེ་རེས་སྟེགས་བུ་ལེགས་གྲས་ཡིན་པའི་ཆ་ནས། 2019ལོའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་བཤམས་སྟོན་ཚོགས་འདུས་རྒྱལ་ཁབ་དང་ས་ཁུལ་80ལྷག་དང་རྒྱལ་ནང་གི་ཞིང་ཆེན་ཁུལ་གྲོང་ཁྱེར30ནས་ཡོང་བའི་ཡུལ་སྐོར་ལས་ཁུངས་དང་ཡུལ་སྐོར་ཁེ་ལས་དང་ཆེད་དུ་གདན་དྲངས་པའི་ཚོང་མཁན་སྟོང་ལ་ཉེ་བ་ཞིག་ཚུར་བཀུག  ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ལས་བྱེད་མི་སྣ་དང་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་ཁག་གི་འཐུས་ཚབ་ཚོགས་འདུར་ཞུགས། 
              སྐབས་འདིའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་བཤམས་སྟོན་ཚོགས་འདུས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་དང་། “རིག་གནས་+ཡུལ་སྐོར་ཐོན་རྫས་”གསར་འཛུགས་བྱས་ཏེ་འགྲེམས་སྟེགས་གསར་པར་མཁོ་སྤྲོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་རེད། འགྲེམས་ཚོགས་ཀྱི་ཡུལ་དངོས་སུ་ཁྱད་ཆོས་ལྡན་པའི་ཆེད་སྒྲིག་འགྲེམས་སྟེགས་དང་། སྤུས་ལེགས་ཕུན་ཚོགས་ཀྱི་དམངས་ཕན་ཐོན་རྫས། གཞན་ཡུལ་གྱི་ཡུལ་སྲོལ་གོམས་འདྲིས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བརྗོད་དོན་གཙོ་བོའི་བྱ་འགུལ། ངོ་མཚར་ཆེ་བའི་མཉམ་སྐུལ་མྱོང་བྱ་བཅས་ཀྱིས་རྣམ་པར་བཀྲ་བའི་རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་གཟབ་རྒྱས་ཤིག་མཉམ་དུ་འགྲུབ་པར་བྱས་ཡོད། 
ལྷ་སའི་འགྲེམས་སྟེགས་ཀྱིས་མི་མང་པོ་ཚུར་བཀུག་པ།
              ལྷ་སའི་འགྲེམས་སྟེགས་སུ་ལས་བྱེད་མི་སྣས་དྲིལ་སྒྲོག་གསལ་བཤད་དང་དྲིལ་སྒྲོག་རྒྱུ་ཆ་འགྲེམས་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཡུལ་དངོས་ཀྱི་མང་ཚོགས་ལ་ལྷ་སའི་ཡུལ་སྐོར་དང་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་སྣ་མང་ཅན་འགྲེམས་སྟོན་བྱས་པ་དང་། ལྷ་སའི་རྣམ་པར་བཀྲ་ཞིང་ཁྱད་ཆོས་མངོན་གསལ་ལྡན་པའི་མི་ཆོས་དང་རང་བྱུང་ཡུལ་ལྗོངས་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
              སྐབས་འདིའི་པེ་ཅིང་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་བཤམས་སྟོན་ཚོགས་འདུའི་དུས་ཡུན་ནང་དུ། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ད་དུང་སྐབས་གསུམ་པའི་པེ་ཅིང་ཕྱོགས་མཐུན་ས་ཁུལ་ཡུལ་སྐོར་མཉམ་ལས་སྐུལ་འདེད་སྟེགས་བུའི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུར་ཞུགས་པ་དང་། ཚོགས་འདུས“ཆ་འཕྲིན་མཉམ་བརྒྱུད་དང་ཐོན་ཁུངས་མཉམ་སྤྱོད། སྟེགས་བུ་མཉམ་འཛུགས། མགྲོན་ཁུངས་མཉམ་སྐུལ་”གྱི་རྩ་དོན་གཞིར་བཟུང་སྟེ། ཡུལ་ཁོངས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ལེགས་སྒྲིག་བྱེད་པ་དང་། ཡུལ་ཁོངས་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་དང་ཡུལ་ཁོངས་ཡུལ་སྐོར་གྱི་རྒྱལ་ཁབ་ཕྱི་ནང་གི་ཤུགས་རྐྱེན་ཐེབས་ཚད་རྒྱ་བསྐྱེད་པ་དམིགས་ཡུལ་དུ་བཟུང་ནས། ཡུལ་ཁོངས་ཡུལ་སྐོར་ལས་རིགས་མཉམ་ལས་འཕེལ་རྒྱས་དང་གཏིང་ཟབ་པར་སྐུལ་བ་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཡུལ་ཁོངས་སྤྱིའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་ལ་ལྟེ་བའི་སྒུལ་ཤུགས་གཞི་མ་མཁོ་སྤྲོད་བྱས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1