རྔ་བ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སླེ་གྲུག་ལུས་རྩལ་འགྲན་ཚོགས་བདེ་ལེགས་ངང་མཇུག་བསྒྲིལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-15


                 སྤྱི་ཟླ་10པའི་ཚེས་14ཉིན་རྔ་བ་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་དོན། ཁ་སང་ཕྱི་དྲོར། རྔ་བ་ཁུལ་ཞིང་འབྲོག་མང་ཚོགས་ཀྱི་སླེ་གྲུག་ལུས་རྩལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་བསྡུར་སྤེལ་ཞིང་། ཐེངས་འདིའི་འགྲན་ཚོགས་ལ་རྫོང་ཁག་13ཀྱི་ཞིང་འབྲོག་ཁུལ་གྱི་སླེ་གྲུག་ལུས་རྩལ་པ་156འགྲན་ཞུགས་བྱས་ཡོད་པའི་ནང་། ཧུང་ཡོན་རྫོང་དང་ཟོང་ཆུ། འབར་ཁམས་བཅས་ལ་རིམ་པ་བཞིན་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ་ཡོད་པ་དང་། མའོ་རྫོང་དང་འཛམ་ཐང་། ཁྲོ་ཆུ། རྔ་བ། གཟི་རྩྭ་སྡེ་དགུ་བཅས་ལ་རིམ་པ་བཞིན་ཨང་བཞི་བ་ནས་ཨང་བརྒྱད་པ་ཐོབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1