གཞི་གྲངས་ཆེན་མོའི་ཐོན་རྫས་ཀྱིས་བྱིས་པའི་མཚར་སྣང་གློད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-24



        གྲལ་འགྲིག་ཞིང་སྟངས་སྟབས་མཉམ་པ། ཉམས་འགྱུར་རེ་རེ་ལ་དེང་རབས་ཞབས་བྲོའི་རྒྱུན་འདྲེས་བའི་འཕྲུལ་ཆས་ཀྱི་མི40ཡས་མས་ཀྱིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ཁང་གི་གཞི་གྲངས་ཆེན་མོའི་འགྲེམས་ཁུལ་དུ་ཞབས་བྲོ་འཁྲབ་པས་ལྟད་མོ་བ་མི་ཉུང་བའི་ཡིད་དབང་བཀུག་པ་མ་ཟད། ལྷག་པར་དུ་ལོ་ཆུང་བྱིས་པ་དག་གི་མིག་དབང་འཕྲོག་པ་རེད།

        སྐབས་ཉི་ཤུ་བའི་མཚོ་སྔོན་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཆེས་ཐོག་མར་གྲངས་འཛིན་དཔལ་འབྱོར་འགྲེམ་ཁང་བཙུགས་ཏེ། གཙོ་བོ་གཞི་གྲངས་ཐོན་ལས་གསོ་སྐྱོང་དང་གཞི་གྲངས་ཞབས་ཞུ་གསར་བཏོད། གཞི་གྲངས་བཟོ་ལས་ཚོད་ལྟའི་དཔེ་སྟོན། གཞི་གྲངས་སྲིད་དོན་ཁྱབ་གདལ་བེད་སྤྱོད་སོགས་ལས་གཞིའི་གྲུབ་འབྲས་སྐོར་ཞིག་འགྲེམ་སྟོན་བྱས་ཡོད།འཕྲུལ་ཆས་ཀྱི་མི་ཡང་གཞི་གྲངས་ཐོན་ལས་གསོ་སྐྱོང་དང་གཞི་གྲངས་ཞབས་ཞུ་གསར་གཏོད་ཀྱི་རྣམ་གྲངས་ཤིག་ཡིན་པའི་ཆ་ནས་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།

        འཕྲུལ་ཆས་ཀྱི་མི་འདི་ནི་ཡའོ་པའེ་ཞན་ཚན་རྩལ་ཁེ་ལས་ཀྱིས་བཟོས་པ་དང་། དེ་ལ་བྱིས་པ་དང་མཉམ་དུ་ཁ་བརྡ་དང་བྱིས་པའི་འདོད་པ་ལྟར་དྲ་ཐོག་ནས་གླུ་ལ་ཉན་པ། བྱིས་པ་དང་ཕ་མའི་བར་བརྙན་ལམ་ཁ་བརྡ་བྱེད་ཆོག་པ། དཔེ་ཆ་འདོན་པ་སོགས་ཀྱི་ལོ་བཞི་ཡན་གྱི་བྱིས་པར་ཕན་ནུས་ཕུན་སུམ་ཚོགས་པ་ཡོད། ཡུལ་དངོས་སུ་བྱིས་པ་མང་བོས་འཕྲུལ་ཆས་ཀྱི་མི་དེ་ལ་མཚར་སྣང་གིས་ཁེངས་སྟེ་བལྟ་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1