《བོད་ཀྱི་རལ་པའི་ཞབས་བྲོའི་བུད་མེད་རྔ་རྩལ་ 》དེབ་གསར་བཀྲམ་པའི་ཚོགས་འདུ་ལྷ་སར་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-25


     ཟླ་6ཚེས་22ཉིན། 《བོད་ཀྱི་རལ་པའི་ཞབས་བྲོའི་བུད་མེད་རྔ་རྩལ་ 》དེབ་གསར་བཀྲམ་པའི་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད།
    རལ་པ་ནི་དྲིལ་བུ་དང་རྔས་གཙོ་བོར་བྱེད་པའི་གཞས་མ་གཏམ་དང་ཞབས་བྲོ།  རྩལ་རྩེད། རས་པའི་ཟློས་གར་སོགས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན་པ་དང་། 2006ལོར་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད་པ་རེད།

    དེབ་འདིའི་རྩོམ་པ་པོ་ནི་“རལ་པའི་རྒྱལ་མོ”ཞེས་འབོད་པའི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་དང་། ཞིབ་འཇུག་སློབ་མའི་སློབ་དཔོན་ཚེ་སྐྱིད་ཡིན་པ་རེད། ཁོང་མོས“འདི་ནི་རྒྱུད་རིམ་གྱི་རལ་པའི་ཞབས་བྲོའི་བུད་མེད་ཀྱི་རྔ་རྩལ་གྱི་ཞབས་བྲོའི་སློབ་འཁྲིད་དེབ་ཐོག་མ་དེ་ཡིན་པས་དཔེ་དེབ་འདི་བཀྲམ་པ་ལས། མི་མང་པོ་ཞིག་གིས་རལ་པའི་ཞབས་བྲོར་དགའ་པོ་བྱེད་པའི་རེ་བ་ཡོད”ཅེས་དང་ཁོང་གིས་《བོད་ཀྱི་རལ་པའི་ཞབས་བྲོའི་བུད་མེད་རྔ་རྩལ་ 》བཀྲམ་པ་དེས་བོད་ལྗོངས་ཀྱི་ཞབས་བྲོའི་རིག་གནས་རྒྱུན་འཛིན་དང་རལ་པའི་ཞབས་བྲོ་ཁྱབ་གདལ་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་པའི་རེ་བ་ཡོད་ཅེས་བཤད་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1