བོད་ལྗོངས་ཀྱི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ཐོག་མར་སྒོ་ཕྱེས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-25


འདི་ནི་ལྟད་མོ་བ་ཞིག་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲོ་བའི་ཚུལ་རེད།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རྡོ་བརྐོས་སྒྱུ་རྩལ་གཙོ་བོར་བྱས་པའི་ཆེད་ལས་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་སྟེ། གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ཟླ6པའི་ཚེས18ཉིན་དངོས་སུ་སྒོ་ཕྱེས་པ་རེད། རྟེན་རྫས་བཤམས་མཛོད་ཁང་གིས་དངོས་པོ་འགྲེམས་སྟོན་དང་། བསྐྱར་དཔར། བཤུ་འབྲི། 3Dབཤར་བཤུས་སོགས་ཀྱི་རྣམ་པ་བརྒྱུད་ནས་སྤྱི་ལོ་དུས་རབས7པ་ནས19པའི་བར་བོད་ལྗོངས་ཀྱི་རྡོ་བརྐོའི་སྒྱུ་རྩལ་སྤུས་ལེགས་ཁག་གཅིག་འགྲེམ་སྟོན་བྱས་པ་རེད།
             གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ(རིག་དངོས་ཅུའུ)རྡོ་བརྐོས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་དབང་གིས་བོད་ལྗོངས་ཀྱི་རྡོ་བརྐོས་ཁྱབ་རྒྱ་ཆེ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པས་དེ་དག་ལ་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གཅིག་ཏུ་འདུས་ཡོད་ལ། དེ་ནི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱེད་སྟངས་ཤིག་རེད་ཅེས་བཤད།
འདི་ནི་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་རྡོ་བརྐོས་རེད།
འདི་ནི་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་རྡོ་བརྐོས་བརྐོས་རིས་བཟོ་བཞིན་པའི་ཚུལ་རེད།
འདི་ནི་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་མི་སྣས་རྡོ་བརྐོས་བརྐོས་རིས་བཟོ་བཞིན་པའི་ཚུལ་རེད།
འདི་ནི་ལྟད་མོ་བ་ཞིག་གིས་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་རྡོ་བརྐོས་ལ་ལྟ་བཞིན་པའི་ཚུལ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1