གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༦ཚེས་༢༦ཉིན།

སྐྱེ་ཁམས་རྩྭ་སར་བརྟེན་ནས་འབྲོག་ཁྱིམ་གྱི་ཡོང་སྒོ་ལ་འཕར་སྣོན་བྱུང་།

འདི་ནི་ཟླ6པའི་ཚེས20ཉིན་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ལས་བྱེད་མི་སྣས་ལས་གཉེར་བྱེད་བཞིན་པའི་ཚུལ་རེད།
          དབྱར་དུས་སུ་རི་ཚོགས་ཀྱིས་བསྐོར་བའི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྔོ་ཞིང་དྭངས་བ་དང་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གནམ་གཤིས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད།
          མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མུན་ཡོན་ཧའེ་རིགས་རང་སྐྱོང་རྫོང་སུའུ་ཅི་ཐང་ཤང་སུའུ་ཅི་བན་སྡེ་བ་རུ་ཡོད་པའི་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས། ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་དང་། དམངས་སྲོལ་རོལ་མྱོང་། མཐོ་སྒང་གི་ཁམས་གསོ་བཅས་གཅིག་གྱུར་ཅན་གྱི་རྩྭ་སའི་ཕྱུགས་ལས་གསར་གཏོད་གླིང་ཁུལ་སྐྲུན་ནས། “རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཁྱད་ལྡན་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྐྱེ་ཁམས་སྤྲོ་གསེང་རྩྭ་ས་གཏོད་དེ་འབྲོག་པའི་ཡོང་སྒོ་ཇེ་མཐོར་གཏོང་བའི”འདུ་ཤེས་ལྟར་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་སུ་གཏོང་བཞིན་ཡོད།
          རྒྱུས་ལོན་པ་ལྟར་ན། མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སས་ལོ་རེར་གནས་སྐོར་བ་མི་ཐེངས་ཁྲི9ལྷག་སྣེ་ལེན་བྱས་ཏེ། ཉེ་འགྲམ་གྱི་གསོ་སྤེལ་ཁྱིམ་ཚང་དང་ཞིང་ཁྱིམ200ལྷག་སྣེ་ཁྲིད་དེ་གནས་སྐོར་བྱ་བའི་ཁྲོད་ཞུགས་པ་དང་། ཁྱིམ་ཚང་རེའི་ལོ་རེར་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི4ལྷག་ཇེ་མང་དུ་སོང་ནས་ཉེ་འགྲམ་གྱི་མང་ཚོགས300ལྷག་དབུལ་སྐྱོར་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཡོད།

འདི་ནི་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ཟུར་ཞིག་རེད།

འདི་ནི་ཟླ6པའི་ཚེས20ཉིན་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ལས་བྱེད་མི་སྣས་ལས་གཉེར་བྱེད་བཞིན་པའི་ཚུལ་རེད།
འདི་ནི་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ཟུར་ཞིག་རེད།

འདི་ནི་ཟླ6པའི་ཚེས20ཉིན་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ལས་བྱེད་མི་སྣས་ལས་གཉེར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་ཟླ6པའི་ཚེས20ཉིན་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ལས་བྱེད་མི་སྣས་ལས་གཉེར་བྱེད་བཞིན་པའི་ཚུལ་རེད།

འདི་ནི་མདོ་ལ་རི་བོའི་སྐྱེ་ཁམས་རྩྭ་སའི་ཟུར་ཞིག་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1