བྲག་འགོའི་ལ་གཞས་ཚན་སྡེབ་ཀྱིས་སྐབས་དང་པོའི་སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་བཤམ་སྟོན་འདུ་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་འཁྲབ་སྟོན་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-16


            སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་ཞིང་ཆེན་རིག་གནས་ཐིང་དང་ཞིང་ཆེན་ཡུལ་སྐོར་ཅུས། ལེ་ཧྲན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་སྐབས་དང་པོའི་སི་ཁྲོན་རྒྱལ་སྤྱིའི་ཡུལ་སྐོར་བཤམ་སྟོན་འདུ་ཚོགས་དང་སི་ཁྲོན་དངོས་མིན་ཤུལ་བཞག་རིག་གནས་དང་དམངས་སྲོལ་རིག་གནས་འགྲེམ་སྟོན་དེ་ལེ་ཧྲན་གླང་ཆེན་འགྱིང་རི་ནས་གཟབ་རྒྱས་ངང་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དངོས་མིན་ཤུལ་བཞག་རིག་གནས་ཁང་གི་སྣེ་ཁྲིད་དང་བཀོད་སྒྲིག་འོག བྲག་འགོ་རྫོང་གི་ལ་གཞས་ཚན་སྡེབ་ཀྱིས་དཀར་མཛེས་ཁུལ་གྱི་ཚབ་བྱས་ནས་དབུ་འབྱེད་མཛད་སྒོ་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྟོན་བྱེད་སྒོའི་ནང་ཞུགས་ཡོད་ལ། ཐེངས་འདིའི་བྱེད་སྒོར་གཙོ་སྒྲུབ་པའི་ངོས་ནས་གདན་ཞུས་གནང་བའི་སྐར་ཆེན་མིང་གྲགས་ཅན་ལས་གཞན། སི་ཁྲོན་ཞིང་ཆེན་ཟློས་གར་ཁང་དང་། ལའང་ཧྲན་ཁུལ་གྱི་གདོད་སྐྱེས་དབྱི་རིགས་གླུ་གཞས་དང་། རྔ་བ་ཁུལ་གྱི་ཆའང་རིགས་ཀྱི་རྔ་བྲོ། ལེ་ཧྲན་གླང་ཆེན་འགྱིང་རིའི་དྲག་རྩལ་དང་དཀར་མཛེས་ཁུལ་གྱི་བོད་པའི་ལ་གཞས་སོགས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཡོད།

            བྲག་འགོ་རྫོང་གི་ལ་གཞས་ཚན་སྡེབ་ཚེས་27ཉིན་གྱི་སྔ་དྲོའི་དབུ་འབྱེད་མཛད་སྒོ་དང་ཕྱི་དྲོའི་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་གྱི་བྱེད་སྒོ་གཉིས་ཀར་ཞུགས་ཤིང་། བྲག་འགོ་རྫོང་གིས་མངགས་པའི་ལ་གཞས་གླུ་བ་ཚོའི་ཡིད་དུ་འོང་བའི་འཁྲབ་སྟོན་ལ། ཞིང་ཆེན་རིག་གནས་ཁང་གི་དབུ་ཁྲིད་དང་རྒྱ་ཆེའི་ལྟད་མོ་བ་རྣམ་པའི་གདེང་འཇོག་དང་བསྔགས་བརྗོད་ཐོབ་ཡོད། དེ་བཞིན་ཉིན་དེའི་དགོང་མོར། ཁྲེན་ཏུའུ་ནས་མཛེས་སྡུག་ལྡན་པའི་དཀར་མཛེས། སྙིང་དུ་སྡུག་པའི་བྲག་འགོ་ཞེས་པའི་ཡུལ་སྐོར་ཁྱབ་སྤེལ་ཚོགས་འདུའི་ནང་དུའང་མཉམ་ཞུགས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1