ཞི་ཅིན་ཕིང་གིས་སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-27


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས25ཉིན། སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”གི་གཟེངས་བསྟོད་ཚོགས་འདུ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་ཁོ་ཚོར་སྤྲོ་སེམས་འཁོར་བའི་ངང་ནས་རྟེན་འབྲེལ་ཞུས་པ་མ་ཟད། ཁོ་ཚོར་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅིངས་ནས་རང་རང་གི་ལས་གནས་སྟེང་ནས་དེ་བས་ཕུལ་བྱུང་གི་གྲུབ་འབྲས་འཇོག་དགོས་པའི་སྐུལ་མ་བྱས།

ཟླ6པའི་ཚེས25ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཛོམས་ཚོགས་འདུ་སྟེང་ཞུགས།
        ཕྱི་དྲོའི་དུས་ཚོད4དང་སྐར་མ30སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་ཁང་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་རེད། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་བྱམས་བརྩེའི་ངང་ཕྱག་བརྡ་གནང་བ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ཟླ6པའི་ཚེས25ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”ལ་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཞི་གཟེངས་བསྟོད་ཚོགས་འདུ་སྟེང་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་གཞུང་ལས་པ་ནི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། རྒྱ་ཆེའི་གཞུང་ཞབས་པས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་ལ་སློབ་སྦྱོང་བྱེད་དགོས་པ་དང་། རང་རྟོགས་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་ལྡན་པ་དང་ལྷག་བསམ་རྣམ་དག་གིས་ལག་ལེན་པ་ཞིག་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་འཁུར་ཕོད་པ། དངོས་བརྩོན་དངོས་སྒྲུབ་བཅས་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་ལ་བརྟེན་ནས“མི་དམངས་ཀྱིས་ཡིད་ཚིམ་པའི”བླ་ན་མེད་པའི་གཟི་བརྗིད་ཀྱི་མཚན་སྙན་འདི་ལ་བཀྲག་མདངས་གསར་བ་སྣོན་དགོས་པར་བསྟན།
        སྐབས་དགུ་བའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང”གི་གཟེངས་བསྟོད་བྱེད་སྒོ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་རྩ་འཛུགས་བྱས་པ་དང་། ཚོགས་འདུ་སྟེང་མི་དམངས་ཀྱི་ཡིད་ཚིམ་པའི་གཞུང་ཞབས་པ192དང་མི་དམངས་ཀྱི་ཡིད་ཚིམ་པའི་གཞུང་ཞབས་པའི་ཐུན་མོང98ལ་གཟེངས་བསྟོད་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1