ཐེ་རོམ་ཕུ་དང་ཅིན་ཀྲེང་ཨེན་ཕན་མེན་ཏེན་ནས་མཇལ་འཛོམས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-02


     ཟླ་6ཚེས་30ཉིན། ཁོ་རེ་ཡ་ལྷོ་མར་འཚམས་འདྲི་བྱེད་བཞིན་པའི་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཕན་མེན་ཏེན་ནས་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་་ཅིང་ཀྲེང་ཨེན་ལ་ཐུག་འཕྲད་གནང་། དེའི་རྗེས། ཐེ་རོམ་ཕུ་དམག་དོན་དབྱེ་མཚམས་བརྒལ་ནས་ཁོ་རེ་ཡ་བྱང་མའི་ས་ཐོག་ཏུ་ཕེབས་ཤིང་། ཁོ་རང་ཁོ་རེ་ཡའི་དམག་འཁྲུག་མཚམས་འཇོག་པའི་ཆིངས་ཡིག་ལ་མིང་རྟགས་བཀོད་ཚུན་ཁོ་རེ་ཡ་བྱང་མའི་རྒྱལ་ཁོངས་སུ་སླེབས་པའི་ཨ་རིའི་ལས་ཐོག་ཙུང་ཐུང་ཐོག་མ་རུ་གྱུར་ཡོད།
    འདི་ནི་ཐེ་རོམ་ཕུ་དང་་ཅིང་ཀྲེང་ཨེན་རྣམ་གཉིས་སིང་ཀ་ཕོར་དང་ཧོ་ནེ་རུ་མཇལ་འཛོམས་བྱུང་རྗེས་ཀྱི་མཇལ་འཛོམས་ཐེངས་གསུམ་པ་དེ་རེད། དེའི་རྗེས་སུ། ཐེ་རོམ་ཕུ་དང་་ཅིང་ཀྲེང་ཨེན་རྣམ་གཉིས་སླར་ཡང་དམག་དོན་དབྱེ་མཚམས་བརྒལ་ནས་ཁོ་རེ་ཡ་ལྷོ་མའི་ཕྱོགས་སུ་ཡོང་བ་དང་། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙེ་ཡེན་དང་མཉམ་དུ་ཐུག་འཕྲད་གནང་། 
ཉིན་དེའི་སྔ་ཙམ་ལ། ཝུན་ཙེ་ཡེན་གྱིས་ཕོ་བྲང་སྔོན་པོ་རུ་ཐེ་རོམ་ཕུ་དང་མཉམ་དུ་དུས་ཚོད་གཅིག་ཡས་མས་སུ་གྲོས་མོལ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1