མཛོད་དགེས་དུས་ལས་ཡོལ་ཟིན་པའི་བཟའ་བཅའི་སྐོར་མེད་པར་བཟོས།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-02


       མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་སྔར་ལས་འགན་སྲུང་བྱེད་པ་དང་བཟའ་བཅའི་ཐོན་སྐྱེད་དང་ཁྲོམ་ར་གཙང་མར་བཟོ་ཆེད། ཉེ་སྔོན། མཛོད་དགེ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་སྒྲིག་བཤེར་ཨུ་དང་རྫོང་ཞིབ་དཔྱོད་ཁང་གཉིས་དང་མཉམ་དུ་ཁྲིམས་ལྟར་དུས་ལས་ཡོལ་ཟིན་པའི་བཟའ་བཅའ་དག་གཞུང་བཞེས་བཏང་བ་དང་། གཅིག་སྡུད་ཀྱི་ངང་དེ་དག་མེད་པར་བཟོས།
      རང་འདེམ་ཚོང་ཁང་དང་། བཟའ་བཅའ་སྡེབ་ཚོང་ཁང་། སིལ་ཚོང་ས་ཚིགས། གྲོང་གསེབ་ཀྱི་ཚོང་ཁང་ཆུང་གྲས་སོགས་ད་ཐེངས་ཆེད་དོན་ཞིབ་བཤེར་བྱ་ཡུལ་གཙོ་བོ་རུ་བཟུང་ནས། བྱིས་པའི་བཟའ་བཅའ་དང་། འོ་མའི་ཐོན་རྫས། སིལ་ཟས་སོགས་སུ་ཞིབ་བཤེར་ཆེན་པོ་བྱས་ཏེ། དུས་ལས་ཡོལ་ཟིན་པའི་བཟའ་བཅའི་སྐོར་གཅིག་སྡུད་ཐོག་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་བརྒྱུད་དེ། རྫོང་དེའི་བཟའ་བཅའི་ལས་རིགས་གཉེར་བའི་ཚོང་ཁང་དང་ཐོན་སྐྱེད་ཁྲོམ་རའི་ལས་སྣེ་པ་རྣམས་ཀྱི་བཟའ་བཅའི་བདེ་འཇགས་འགན་འཁྲིའི་འདུ་ཤེས་ཇེ་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། བཟའ་བཅའི་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།
       ད་ཐེངས་ཀྱི་ཞིབ་བཤེར་བྱེད་སྒོར་ཁྲིམས་འཛིན་མི་སྣ་78རྩ་འཛུགས་བྱས་ཡོད་པ་དང་། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་ཚན་པ་368ལ་ཞིབ་བཤེར་བྱས་ཏེ། དུས་ལས་ཡོལ་ཟིན་པའི་བཟའ་བཅའ་སྣ་ཁ་31དང་། ཁྱོན་བཟའ་བཅའ་སྤྱི་རྒྱ་600ལྷག་མེད་པར་བཟོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1