ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ལིའང་ཧྲན་ཁུལ་གྱི་ཏང་ཡོན་ལས་བྱེད་པར་《དབུལ་བྲལ་འགག་སྒྲོལ་ཁྲོད་དུ་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱ་དགོས་》ཞེས་པའི་ཏང་གི་ཆེད་དོན་སློབ་ཚན་གྱི་སྙན་ཞུ་མཛད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-02


        སི་ཁྲོན་ཞིང་ཆེན་ཏང་ཨུ་ཡིས་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་སེམས་བརྟན་པོ་བློ་ལ་ངེས་”ཞེས་པའི་ཆེད་དོན་སློབ་གསོའི་བཀོད་སྒྲིག་ལྟར།  སྤྱི་ཟླ་6པའི་ཚེས་29ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་པུའུ་ཐོག་རྫོང་དང་ཅིན་དབྱང་རྫོང་བཅས་ལ་བརྟག་ཞིབ་གནང་པའི་གནས་ཚུལ་དངོས་ལ་གཞིགས་ནས། ལིའང་ཧྲན་ཁུལ་གྱི་ཏང་ཡོན་ལས་བྱེད་པར་《དབུལ་བྲལ་འགག་སྒྲོལ་ཁྲོད་དུ་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱ་དགོས་》ཞེས་པའི་ཏང་གི་ཆེད་དོན་སློབ་ཚན་གྱི་སྙན་ཞུ་མཛད་དེ། ཁོང་གིས་རྒྱལ་ཆེ་བའི་ལིའང་ཧྲན་ཁུལ་གྱི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་ལས་དོན་གྱི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་ཞིང་ཆེན་གྱི་དབུལ་བྲལ་འགག་སྒྲོལ་ལས་དོན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་བཅས་ཀྱིས་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་པ་དང་། ལོ་རྒྱུས་ཀྱི་ལས་འགན་ལྗི་མོ་འཁུར་ཕོད་པ་དང་དཀའ་ངལ་ཆེད་དུ་སེལ་ཕོད་པ།  ལིའང་ཧྲན་གྱི་མི་རིགས་སོ་སོའི་མང་ཚོགས་དང་ལྷན་དུ་དཀའ་ལས་བརྒྱབ་སྟེ། བློ་ཐག་རྦད་ཆོད་ཀྱིས་དབུལ་བྲལ་འགག་སྒྲོལ་ལ་འབད་པ་མ་ཟད། དོན་དངོས་ཀྱི་སྟེང་ནས་ཐོག་མའི་སེམས་འདུན་ལག་བསྟར་བྱེད་པའི་རེ་བ་ཡོད་ཅེས་བཏོན།
        ཕེང་ཆིང་ཧྭ་གིས་སྙན་ཞུ་ཁྲོད་དུ།  དབུལ་བྲལ་འགག་སྒྲོལ་ལས་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་སེམས་གཅིག་བསྡུས་མཚོན་ཡོད་ལ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྟེང་ནས་གུང་ཁྲན་ཏང་མིའི་ཐོག་མའི་སེམས་འདུན་དང་འགན་སེམས་ཞིབ་དཔྱད་བྱེད་ངེས་རེད། དབྱི་རིགས་ས་ཁུལ་དུ་“གོམ་པ་གང་གིས་ལོ་སྟོང་ཕྲག་བརྒལ་པའི་”ལོ་རྒྱུས་ཀྱི་འཕོ་འགྱུར་མངོན་འགྱུར་བྱུང་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་བློ་བརྟན་འགྱུར་མེད་སྒོས་ཐོག་མའི་སེམས་འདུན་དང་འགན་སེམས་ལག་བསྟར་བྱས་ནས་ཐོབ་པའི་འབྲས་བུ་རེད། ཏང་གི་འགོ་ཁྲིད་འོག  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བཅུ་ཕྲག་རིང་ལ་འབད་འཐབ་ལྷོད་མེད་བྱས་ཏེ། ལིའང་ཧྲན་དབྱི་རིགས་ས་ཁུལ་དེ་སྔར་དབུལ་ཕོངས་ནས་་ད་ལྟའི་དར་རྒྱས་བར་གྱི་འགྱུར་ལྡོག་ནི་དཔལ་འབྱོར་འཕེལ་རྒྱུས་ཐད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཆོང་སྐྱོད་ཅིག་ཡིན་ལ། སྔར་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ད་ལྟའི་འགྲིམ་འགྲུལ་སྟབས་བདེ་སོང་བ་བར་གྱི་འགྱུར་ལྡོག་ནི་རྨང་གཞིའ་སྒྲིག་བཀོད་ཐད་ལའང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཅིག་དང་། སྔར་སྨན་པ་ཉུང་པ་ནས་ད་ལྟའི་ཁྱོན་ཡོངས་ནས་འགན་སྲུང་བྱུང་བར་གྱི་འགྱུར་ལྡོག་ནི་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཅིག་ཡིན་ལ། སྔར་འཁྱག་ལྟོགས་བཀྲེས་སྐོམ་གྱིས་མནར་བ་ནས་ད་ལྟའི་དབུལ་བྲལ་འབྱོར་འབྲིང་དུ་བསྐྱོད་པ་བར་གྱི་འགྱུར་ལྡོག་ནི་མི་དམངས་ཀྱི་འཚོ་བར་ཐད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཅིག་ཡིན། སྔར་ལུགས་སྲོལ་རྙིང་པ་ནས་ད་ལྟའི་ཡ་རབས་སྲོལ་གསར་དར་བའི་འགྱུར་ལྡོག་ནི་མང་ཚོགས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བཅས་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་ཁོ་ནས་མ་གཏོགས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མཚོན་མི་ཐུབ་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་མི་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་གཏོགས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པ་དང་། དབུལ་ཕོངས་ཀྱི་མཁར་རྫོང་ལས་སྒྲོལ་ཐུབ་པ། ལིང་ཧྲན་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་མཐུན་སྒྲིལ་འབད་འཐབ་བྱས་ནས་ད་གཟོད་དབུལ་ཕོངས་ཀྱི་ལས་དབང་ལས་སྒྲོལ་སྟེ། བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་ཐུབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1