ཏང་བཙུགས་ནས་ལོ་98འཁོར་བར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་བརྗོད་དོན་གཙོ་བོའི་སློབ་གསོ་འགྲེམས་སྟོན་ལྷ་སར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-03


     ཟླ་7ཚེས་1ཉིན། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་98འཁོར་བར་བསུ་བ་ཞུ་ཆེད་“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་ཁྲི་བློ་ལ་བརྟན་པོར་འཆང་”ཞེས་པའི་ཅིན་ཀང་རི་བོའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགྲེམས་སྟོན་དེ་ལྷ་ས་གྲོང་ཁྱེར་གྱི་ཧི་མ་ལ་ཡ་རིག་གནས་སྤེལ་རེས་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་འདི་བོད་ལྗོངས་ཧུང་ཅི་ཚོགས་པའི་ཏང་ཨུད་ཀྱིས་ཅིན་ཀང་རི་བོའི་གསར་བརྗེའི་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་པ་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་ཡིག་ཆ་དང་ཡིག་ཚགས་བརྒྱུད།  ཅིན་ཀང་རི་བོའི་དུས་སྐབས་ཀྱི་གསར་བརྗེའི་ལོ་རྒྱུས་སླར་ཡང་མངོན་པར་བྱས་ཡོད། འགྲེམས་སྟོན་འདི་དུས་ཡུན་ཟླ་བ་གཅིག་བྱ་རྒྱུ་ཡིན་པ་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1