ཛམ་ཐང་གིས་ཏང་བཙུགས་ནས་ལོ་འཁོར98ལོན་པའི་རྗེས་དྲན་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་རྒྱང་སྒྲོག་བརྙན་འཕྲིན་ཁང་། སྤེལ་དུས། 07-03


        ཏང་བཙུགས་ནས་ལོ་འཁོར་98ལོན་པའི་རྗེས་དྲན་བྱ་འགུལ་གཏིང་ཟབ་སྤེལ་བ་དང་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་སྦྱོང་བྱེད་པ་དང་། རྒྱང་སྐྱོད་ལམ་བུ་རུ་བསྐྱར་དུ་སྐྱོད་ཆེད་ཛམ་ཐང་རྫོང་ཁྲིམས་འཛིན་ཅུས་དང་། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་དག་ཟབ་ཞུགས་བྱས་ཏེ་དར་ཁུར་ཡུལ་ཚོའི་དར་ཁུག་སྨད་མ་སྡེ་བར་བསྐྱོད་ནས་སྡེ་བའི་ཏང་ཀྲི་པུའུ་དང་ཏང་ཡོན་སོགས་དང་མཉམ་དུ་ཏང་གི་སྐྱེས་སྐར་ལ་རོལ།

        བྱ་འགུལ་གྱི་ཡུལ་དངོས་སུ། ང་ནི་རང་མོས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་ཏེ། ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཏང་ཡོན་ཀྱི་འོས་འགན་སྒྲུབ་པ། ཏང་གི་ཆོད་དོན་ལག་ཏུ་བསྟར་བ། ཏང་གི་སྒྲིག་ཁྲིམས་ནན་སྲུངབཅས་བྱས་ཏེ།དམ་ཚིག་བསྐྱར་དུ་སྦྱོང་བ་དང་གཟེངས་བསྟོད་བྱ་དགའ་ཐོབ་ཡོད་པའི་གཞི་རིམ་ཏང་འཛུགས་དང་། ཕུལ་བྱུང་ཏང་ཡོན།  ཕུལ་བྱུང་ཏང་ཡོན་ལས་འཛུགས་པ། མི་སྒེར་དང་གཞུང་སོགས་ཀྱི་གཞི་རིམ་རྩ་འཛུགས་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་སོགས་འདེམས་ཏེ་ཡུལ་དངོས་ནས་གཟེངས་བསྟོད་བྱ་དགའ་གནང་བ་མ་ཟད།བྱ་འགུལ་དུ་ཞུགས་ཡོད་པའི་སྡེ་བ་ཡོངས་ལ་འཚམས་འདྲིའི་དངོས་པོ་དཀར་ཡོལ་དང་། འདག་རྫས་སོགས་བྱིན་ནས་འོས་འགན་ངལ་རྩོལ་བྱ་འགུལ་དུ་ཞུགས་པ་ཡིན།


        ཏང་གི་བཀའ་སློབ་ཁྲོད་ང་ཚོས་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ཞི་ཅིན་ཕིང་གི་དུས་རབས་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་ཐོག་མའི་བསམ་འདུན་སྲུང་ནས་འགན་ཁུར་ཏེ།  མཐུན་མོང་སྒོས་བདེ་ཞིང་སྐྱིད་ལྡན་པའི་མཛེས་སྡུག་གི་ཛམ་བྷ་ལ་ཞིག་བསྐྲུན་པར་རྨང་གཞི་བརྟན་པོར་གཏིང་དགོས་བ་ནན་གྱིས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1