2019ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དབར་གྱི་འབྲེལ་འདྲིས་བཞུགས་མོལ་ཚོགས་འདུ་ཡུན་ནན་བདེ་ཆེན་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-04


    ཟླ་7ཚེས་2ཉིན། 2019ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དབར་གྱི་འབྲེལ་འདྲིས་བཞུགས་མོལ་ཚོགས་འདུ་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས་པ་དང་། ཚོགས་འདུའི་བརྗོད་གཞི་ནི་“རིམ་གསུམ་ཡོན་གནས་ཀྱི་སློབ་ཁྲིད་རྩ་གནད་”ཡིན་ཞིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཞིང་ལྗོངས་ལྔ་ཡི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་ཚབ་པས་ཚོགས་འདུའི་བརྗོད་གཞི་དང་འབྲེལ་ནས་བགྲོ་གླེང་སྤེལ་རེས་བྱས་པ་རེད། ཚོགས་འདུ་འདི་ནི་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རོགས་གཉེར་བྱས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་ཞུགས་མཛུབ་སྟོན་བྱས་པ་དང་། ཡུན་ནན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། བདེ་ཆེན་ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད། 


    འགོ་ཚུགས་མཛད་སྒོའི་ཐོག་ཏུ། ཡུན་ནན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས། ཚོགས་འདུ་འདི་འཚོགས་པར་བརྒྱུད། རིམ་གསུམ་ཡོན་གནས་ཀྱི་སློབ་ཁྲིད་རྩ་གནད་ཚད་གཞི་ཅན་དང་། རྒྱུད་རིམ་ཅན། ཁྱབ་གདལ་ཅན་སྔ་ཙམ་མངོན་འགྱུར་བྱུང་སྟེ། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་གོང་དུ་སྤེལ་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་རླབས་ཆེན་མེས་རྒྱལ་གྱི་ལོ་ངོ་70འཁོར་བའི་སྐྱེས་སྐར་བསུ་དགོས་ཞེས་བསྟན། 


    འགོ་ཚུགས་མཛད་སྒོའི་རྗེས་སུ། ཚོགས་ཞུགས་སྐུ་མགྲོན་ཚོས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་ལྟ་སྐོར་དང་། སློབ་ཁྲིད་དང་གྲྭ་བཙུན་གྱིས་རྟགས་གསལ་གཏོང་བ་ལ་གཟིགས་ཞིབ་གནང་བ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1