གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྡོ་རྗེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༤ཉིན།

རྔ་བ་ཁུལ་གྱི་ས་ཆ་སོ་སོས་ཏང་གི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།

        ཟླ་7པའི་ཚེས་1ཉིན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་སྐྱེས་སྐར་ཡིན་ལ། ལོ་ངོ་98ནི་མི་ཞིག་ལ་མཚོན་ན་ཚེ་ཐག་རིང་བའི་མི་ཚེ་ཞིག་ཡིན་ལ། རྒྱལ་ཁབ་ཅིག་ལ་མཚོན་ན་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྐད་ཅིག་མ་ཞིག་ཡིན། སྲིད་ཏང་ཞིག་ལ་མཚོན་ན། ལང་ཚོ་དར་ལ་བབས་ཤིང་ལྟ་ན་སྡུག་པའི་ལོ་རབས་ཤིག་ཡིན། དེས་ན། ཏང་གི་ལོ་འཁོར་98ཀྱི་སྐྱེས་སྐར་ལ་ང་ཚོས་རྟེན་འབྲེལ་ཞུ། མེས་རྒྱལ་ལ་རྟེན་འབྲེལ་ཞུ།
        ཏང་གི་སྐྱེས་སྐར་བསླེབ་ཁར། རྔ་བ་ཁུལ་གྱི་ས་ཆ་སོ་སོས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལམ་ནས་བྱེད་སྒོ་མང་དུ་སྤེལ་ནས། ཏང་གི་གཟི་དཔལ་རྒྱས་པའི་ལོ་རྒྱུས་ལ་ཕྱིར་དྲན་དང་། ཏང་གི་གྲུབ་འབྲས་རླབས་པོ་ཆེ་ལ་བསྟོད་གླུ་སང་སང་དུ་གྱེར་ཞོར། ཕུལ་དུ་བྱུང་བའི་གུང་ཁྲན་ཏང་ཡོན་དང་ཕུལ་དུ་བྱུང་བའི་ཏང་ཡོན་ལས་ཀ་པ། སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་བཅས་ལ་བྱ་དགའ་སྟེར་བ་རེད།
        རྔ་བ་ཁུལ་ཨུས་ནམ་མཁའ་རྒྱལ་སོགས་གུང་ཁྲན་ཏང་ཡོན་50དང་ནོར་བུ་སོགས་ཏང་དོན་ལས་ཀ་པ་50། འབར་ཁམས་གྲོང་ཁྱེར་རྫོང་འབུར་ཡུལ་ཚོའི་ཏང་ཨུ་སོགས་ཏང་རྩ་འཛུགས་100བཅས་ལ་གཟེངས་བསྟོད་བྱས་པ་རེད།
        གཤམ་དུ་རྩོམ་སྒྲིག་པས་ཀློག་པ་པོ་རྣམས་ལ་རྔ་ཁུལ་གྱི་རྫོང་ཁག་དང་གྲོང་ཁྱེར་སོ་སོས“བདུན་གཅིག”རྗེས་དྲན་གྱི་བྱེད་སྒོ་སྤེལ་ཚུལ་མདོར་བསྡུས་སུ་ངོ་སྤྲོད་ཅིག་བྱས་ན། 
རྔ་བ་རྫོང་།
        ཉེ་ཆར། རྔ་བ་རྫོང་གི་ལས་ཁུངས་སོ་སོས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་འབྲེལ་ནས། གྲོང་སྡེ་དང་རོང་འབྲོག་པའི་ཁྱིམ་དུ་སོང་སྟེ། རོང་འབྲོག་པའི་ཏང་ཡོན་དང་ཡུལ་སྡེའི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཏང་གི་སློབ་ཁྲིད་འཚོགས་ཤིང་། ཏང་གི་ལོ་རྒྱུས་འཆད་པར་མ་ཟད། རིག་རྩལ་འཁྲབ་སྟོན་དང་དབུལ་པོར་རོགས་སྐྱོར་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། 

ཟུང་ཆུ་རྫོང་།
        ཟླ་པའི་ཚེས་30ཉིན། ཟུང་ཆུ་རྫོང་གིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པའི་རྗེས་དྲན་བཞུགས་མོལ་ཚོགས་འདུ་དང་། ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུ་བའི“ཟུང་ཆུའི་སྔོན་བསྐྱོད་པའི”གཟི་དཔལ་དང“བཟང་གཉིས་སྔོན་གཅིག”གི་གཟེངས་བསྟོད་དགོང་ཚོགས་འཚོགས་ཏེ། ཏང་རྩ་འཛུགས་དང་ཏང་ཡོན། ཏང་ཡོན་ལས་ཀ་པ་ཕུལ་དུ་བྱུང་བ་རྣམས་ལ་གཟེངས་བསྟོད་བྱས་པ་རེད། 

འཛམ་ཐང་རྫོང་།
        ཉེ་ཆར། འཛམ་ཐང་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་ནན་འཛིན་ཞེས་པ་བརྗོད་བྱ་གཙོ་བོར་གྱུར་པའི་ཏང་དོན་ཉིན་མོའི་བྱེད་སྒོ་དང་སླར་ཡང་རྒྱང་བསྐྱོད་ལམ་ལ་ཞུགས་པའི་བྱེད་སྒོ་སྤེལ་བ་རེད། 

ཁྲོ་ཆུ་རྫོང་།
        ཟླ6པའི་ཚེས30ཉིན། ཁྲོ་ཆུ་རྫོང་གིས་མཚམས་སྡེ་དམར་དམག་ཐང་ཆེན་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས། འགན་འཁྲི་ཡིད་ལ་བཅངས་ནས་ལས་འགན་ཕྲག་ཏུ་ལེན་ཞེས་པའི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུས་པ་རེད། 

མའོ་རྫོང་།
        ཟླ་6པའི་ཚེས་27ཉིན། མའོ་རྫོང་གིས་ཆའང་སྡེར་ཏང་དར་བརྗིད་ཅེས་པའི་ཏང་བཙུགས་བུམ་པའི་ཤེས་བྱ་འགྲན་སྡུར་སྤེལ་ནས། རྫོང་ཁོངས་ཀྱི་ལས་ཁུངས་དང་ཡུལ་གྲོང་གི་འཐུས་ཚབ་རུ་ཁག་12ཞུགས་ནས་འགྲན་སྡུར་བྱས་པ་རེད། 


གཟི་རྩ་སྡེ་དགུ་རྫོང་།

        ཟླ་6པའི་ཚེས་30ཉིན། གཟི་རྩ་སྡེ་དགུ་རྫོང་གིས་ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུ་བ་དང་ཡུལ་སྡེ་རིགས་བགོ་དང་སྒྱུར་བཀོད་རིམ་སྤར་གྱི་འགུལ་སྐྱོད་སྤེལ་བའི་བཀོད་སྒྲིག་ཚོགས་ཆེན་འཚོགས་པ་རེད། 


བཙན་ལྷ་རྫོང་།
        ཟླ་6པའི་ཚེས་26ཉིན། བཙན་ལྷ་རྫོང་གིས་རྫོང་ཡོངས་ཀྱི་རྫོང་རིམ་འགོ་ཁྲིད་ལས་བྱེད་པ་ཡན་དང་རྫོང་རིམ་སྡེ་ཁག་དང་ཡུལ་ཚོ། གྲོང་རྡལ་གྱི་འགན་ཁུར་བ། བོད་སྐྱོར་ལས་བྱེད་པ། གཞི་རིམ་ཏང་ཡོན་འཐུས་མི་སོགས་མི་340ལྷག་འཛོམས་ཏེ། ཆུ་གར་གྲོང་རྡལ་ནས་ཏང་གི་བཀའ་དྲིན་དྲན། ཏང་གཤིས་ཇེ་དྲག་གཏོང་ཞེས་པའི་བྱེད་སྒོ་སྤེལ་བ་རེད། 


ཆུ་ཆེན་རྫོང་།
        ཉེ་ཆར། ཆུ་ཆེན་རྫོང་ཡུལ་ཚོ་དང་གྲོང་རྡལ་སོ་སོས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སྤེལ་ནས་བདུན་གཅིག་དུས་སྟོན་ལ་རྟེན་འབྲེལ་ཞུས་པ་རེད།

ཝུན་ཁྲོན་རྫོང་།
        ཟླ་6པའི་ཚེས་28ཉིན། ཝུན་ཁྲོན་རྫོང་གིས་ཏང་ཡོན་བློ་མཐུན་རྩ་འཛུགས་བྱས་ཏེ། དབྱིན་ཞིའུ་གྲོང་རྡལ་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་ཐང་ཆེན་དུ་སོང་ནས། ཐོག་མའི་བསམ་འདུན་མི་བརྗེད་ཏང་གི་རྗེས་སུ་འབྲངས། ཝུན་ཁྲོན་གསར་བར་བྱས་རྗེས་འཇོག་ཅེས་པའི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུས་པ་རེད། 


མཛོད་དགེ་རྫོང་།
        ཟླ་7པའི་ཚེས་1ཉིན། མཛོད་དགེ་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་བན་ཡུའི་སྔོན་གཤེགས་དཔའ་པོའི་རྗེས་དྲན་རྡོ་རིང་གི་མདུན་དུ་ཐོན་ནས། ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུས་པ་རེད། 


ལིས་རྫོང་།

        ཟླ་6པའི་ཚེས་28ཉིན། ལིས་རྫོང་གིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ་ནས། སྔོན་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་དུ་བྱུང་བའི་ཏང་ཡོན། ཕུལ་དུ་བྱུང་བའི་ཏང་དོན་ལས་ཀ་པ་སོགས་ལ་གཟེངས་བསྟོད་དང་ཡིད་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། 

འབར་ཁམས་གྲོང་ཁྱེར།
        ཉེ་ཆར། འབར་ཁམས་གྲོང་ཁྱེར་གྱིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་98ལོན་པར་རྟེན་འབྲེལ་ཞུ་བ་དང“བདུན་གཅིག”གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། ཕུལ་དུ་བྱུང་བའི་ཏང་ཡོན་60དང་ཕུལ་དུ་བྱུང་བའི་ཏང་དོན་ལས་ཀ་པ་30། སྔོན་ཐོན་གྱི་ཏང་རྩ་འཛུགས་29ལ་གཟེངས་བསྟོད་བྱས་པ་རེད། 


        དུས་རབས་གསར་བར། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་འཆང་ནས་མུ་མཐུད་དུ་མདུན་ནས་མདུན་དུ་བསྐྱོད་རྒྱུ་ཡིན། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1