གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༤ཉིན།

དབྱི་ལི་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་།

        སྤྱི་ཟླ་6པའི་ཚེས་27ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་སྡེ་རོང་རྫོང་སྔོ་མོ་ཤོད་གྲོང་ཚོ་རུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཡོང་འབབ་ཡོང་ཁུངས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་།
        ཐོག་མའི་སེམས་འདུན་མི་བརྗེད་པར་ལོ་རྒྱུས་ཀྱི་འོས་འགན་ཡིད་ལ་བརྟན་པོར་བཅངས་པ་ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གི་བླང་བྱ་ལྟར། སྤྱི་ཟླ་6པའི་ཚེས་27ཉིན་ནས་ཚེས་28ཉིན་བར།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་། 
        ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་། ཆུ་གཙང་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཐོག་མའི་སེམས་འདུན་མི་བརྗེད་པར་ལོ་རྒྱུས་ཀྱི་འོས་འགན་ཡིད་ལ་བརྟན་པོར་བཅངས་པ། འགན་འཁྲི་འཁུར་ཕོད་པ་དང་ཧུར་བརྩོན་ཆེན་པོས་བྱས་རྗེས་འཇོག་པ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཨུའི་བླང་བྱ་དེ་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་བ་དང་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་པ་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱ་དགོས་ཞེས་ནན་གྱིས་བསྟན། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1