གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༥ཉིན།

ཞི་ཅིན་ཕིང་གིས་2019ལོའི་འཛམ་གླིང་གི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།


              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་འཛམ་གླིང་གི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཚོགས་ཆེན་ཚེས་2ཉིན་ཧའེ་ནན་གྱི་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
              ཞི་ཅིན་ཕིང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་སྐྱེད་སྲིང་དར་འཕེལ་འགྲོ་བ་དང་བསྟུན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་དུས་མཚམས་གསར་པར་སླེབས་བཞིན་ཡོད་པ་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕར་རྒྱུར་སྒུལ་ནུས་གསར་པ་ཆེན་པོ་ཞིག་བསྣན་པ་མ་ཟད། དྲོད་ཁང་གི་རླངས་འབུད་ཉུང་དུ་འགྲོ་རྒྱུར་ཡང་ཕན་པ་ཡོད་པས་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་བཅག་ནས་གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
              ཞི་ཅིན་ཕིང་གིས་ཀྲུང་གོས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཚན་རྩལ་གསར་གཏོད་དང་འབྲེལ་ཡོད་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། སྐུ་མགྲོན་ཚོས་སྤེལ་རེས་གཏིང་ཟབ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1