གཞིས་རྩེའི་དབུལ་ཐལ་དྲག་པའི་ས་ཁུལ་དུ་འཐུང་ཆུ་སོགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-08


པར་རིས་ནི་རིན་སྤུངས་རྫོང་དཀར་དྲུད་གྲོང་ཚོའི་གྲོང་མི་ཀུན་བཟང་དབང་མོས“མཐོར་འདེགས་བཅུའི”ལས་གྲྭ་སྐྲུན་ཡུལ་དུ་ཆུ་ལེན་བཞིན་པའི་རྣམ་པ་རེད།
      ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ལས་རིགས་ཐོན་ཁུངས་སྤྱི་འདོམས་བྱས་ཤིང་། ཆུ་གློག་ལམ་འཕྲིན་དྲ་དང་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་སྤྱི་ཚོགས་འགན་སྲུང་བཅས“མཐོར་འདེགས་བཅུའི”ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། རྣམ་གྲངས་བཀོད་སྒྲིག་ཐད་དབུལ་ཐལ་དྲག་པའི་ས་ཁུལ་ལ་གཟིགས་སྐྱོང་བྱས་ནས་འཐུང་ཆུ་སོགས་ཀྱི་གནད་དོན་སྔོན་ལ་ཐག་གཅོད་བྱས། མིག་སྔའི་བར་དུ། གྲོང་ཁྱེར་ཡོངས་ཀྱིས་དབུལ་བྲལ་འགག་སྒྲོལ་གྱི་སྡེབ་སྒྲིག་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས། འཐུང་ཆུ་བདེ་འཇགས་ཀྱི་རྣམ་གྲངས་1067ལག་བསྟར་བྱས། དེའི་ཁྲོད་ཀྱི་མ་དངུལ་90%དབུལ་ཐལ་དྲག་པའི་ས་ཁུལ་དུ་སྤྱད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1