གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།྇྇ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༠༨ཉིན།

བརྒྱད་ཟིལ་རྫོང་དབེན་པོ་ཡུལ་ཤོག་གིས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་གསར་སྐྲུན་བྱས།

        ཁུལ་ཨུའི་སྤྱིའི་ལས་ཀའི་གནས་བབ་དང་གསུམ་འཛུགས་མཉམ་འགུལ་གྱི་འཐབ་ཇུས་བཀོད་སྒྲིག་དང་། རྫོང་ཨུའི“137”གྱི་འཕེལ་རྒྱས་བསམ་ཕྱོགས་དང་གྲོང་ཁྱེར་ཅན་དུ་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་སྡེ་དར་རྒྱས་གཏོང་བའི་ལས་ཀར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཆེད། བརྒྱད་ཟིལ་རྫོང་དབེན་པོ་དབྱིས་རིགས་ཡུལ་ཤོག་གི་ཏང་ཨུ་དང་སྲིད་གཞུང་གིས་མཐའ་འབྲེལ་ས་ཁུལ་གཡག་རྔ་གྲོང་ཁྱེར་གྱི་ཧྲི་མེན་རྫོང་དང་རྒྱང་ཐག་སྤྱི་ལེ51ལས་མེད་པ་དངG549ཡི་ལམ་ཐིག་བརྒལ་བའི་ས་ཁུལ་གྱི་དགེ་མཚན་ལྡན་ཞིང་། རང་ཁུལ་གྱི་ཤར་ལྷོ་ཕྱོགས་ཀྱི་ཚ་གཡོལ་དང་། ངལ་གསོ། ཡུལ་སྐོར། ཚོང་ལས་བཅས་ཕྱོགས་གཅིག་ཏུ་འདུས་པའི་དབྱིས་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་ཞིག་གསར་སྐྲུན་བྱེད་པར་དམིགས་ནས། གྲོང་རྡལ་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་གྲོང་ཡུལ་རིམ་སྤོར་གྱི་ལས་ཀ་དམ་འཛིན་བྱས་པ་རེད།
        མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཉེ་བའི་ལོ་ཤེས་རིང་འབྲོག་པ་དུད་ཚང75ཡི་ཁྱིམ་གཞིས་གསར་སྐྲུན་དང་། དུད་ཚང350ཡིCརིམ་པའི་སྡོད་ཁང་ཐེབས་ཆག་དང་དུད་ཚང100ཡིDརིམ་པའི་སྡོད་ཁང་ཐེབས་ཆག་བསྒྱུར་བཀོད། དུད་ཚང84 ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ། དབྱིས་རིགས་དུད་ཚང730ཡི་ཁང་གསར་གསར་སྐྲུན་དང་བཅོས་སྐྲུན། “མི་སྣ་རིགས་བཞིའི” སྡོད་ཁང183འཛུགས་སྐྲུན་སོགས་བྱས་པ་རེད། འོ་ཆེན་དང་། འགག་སྟོད། དབེན་རྩ་སྨད་མ་བཅས་ཚོ་ཆུང་གི་བཙོག་ཆུ་གཙང་སེལ་བྱེད་ཡས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱས་རྗེས་སྔོན་ཆད་བཙོག་ཆུ་གང་སར་བཞུར་ནས་དྲི་ངན་བྲོ་བ་དང་སྦྲང་ནག་གང་སར་འཕུར་བའི་གནས་ཚུལ་མཇུག་རྫོགས་པ་རེད། གྲོང་སྡེ་སོ་སོར་རིམ་རྩིས་ཀྱིས་གད་སྙིགས་འདོར་ཡུལ15བཟོ་སྐྲུན་བྱས་ཤིང་། ཞིང་ཆེན་རིམ་པའི་བཞི་ཡག་གྲོང་སྡེ1དང་། ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེ2གསར་སྐྲུན་བྱས་ཡོད། མ་དངུལ་སྒོར་ཁྲི800ཙམ་གཏོང་འཇོག་བྱས་ཏེ་རིང་ཚད་སྤྱི་ལེ0.6ཅན་གྱི་མི་རིགས་ཀྱི་ཁྲོམ་གསར1གསར་སྐྲུན་བྱས་པར་མ་ཟད2018ལོར་འཛུགས་སྐྲུན་གྲུབ་ནས་བེད་སྤྱོད་གཏོང་འགོ་བཙུགས་པ་རེད། དབེན་པོ་གྲོང་རྡལ་དུ་ཉི་ནུས་གློག་སྒྲོན20གསར་དུ་སྒྲིག་སྦྱོར་དང་ཚའོ་ཕིང་ཙི་གྲོང་སྡེ་དང་དབེན་རྩ་གྲོང་སྡེའི་མི་མང་འཛོམས་ཡུལ་དུ་བསྡོམས་པས་ཉི་ནུས་གློག་སྒྲོན50སྒྲིག་སྦྱོར་བྱས། དབེན་པོ་ས་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སྒོ་ཁར་མེ་ཏོག་སྟེགས་བུ30བཟོ་སྐྲུན་བྱས་ནས་དུས་ཚིགས་བཞིར་བཀྲ་ནུས་པའི་ཚོན་མདོག་སྣ་ཚོགས་ལྡན་པའི་སྐལ་བཟང་མེ་ཏོག་འདེབས་འཛུགས་བྱེད་ཅིང་། གྲོང་སྡེ་དང་ཚོ་ཆུང་སོ་སོའི་འགྲོ་ལམ་གཙོ་བོ་རུ་རིག་གནས་མཚོན་བྱེད་ཀྱི་རྡོ་ཆེན་པོ་རེ་བཞག་ནས་དེའི་ཐོག་གྲོང་སྡེའི་མིང་དང་གྲོང་སྡེའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས། གྲོང་སྲོལ་དམངས་ཆིངས་སོགས་ཀྱི་ནང་དོན་དགོད་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། རྗེས་མར་ཡུལ་ཤོག་དེའི་ཏང་ཨུ་དང་སྲིད་གཞུང་གིས་ཡུལ་ཤོག་སུ་སྐྱོད་པའི་སྒོ་ཆེན་རིམ་སྤོ་བསྒྱུར་བཀོད་བྱ་རྒྱུ་དང་། ནོར་ཟོག་གི་འཇིམ་སྐུ་གསར་སྐྲུན་བྱས་ཏེ། བརྒྱད་ཟིལ་གྱི་དབེན་པོ་ནོར་ཟོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། དབེན་པོ་ནོར་ཟོག་གི་ཁྱད་བཏགས་གྲགས་ཅན་གྱི་སྐད་གྲགས་ཁྱབ་པར་མ་ཟད། དབེན་པོའི་ཁྲོམ་ལམ་རྙིང་པ་དེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁྲོམ་ལམ་ཞིག་ཏུ་གསར་སྐྲུན་བྱས་ཏེ་དབེན་པོའི་སྐད་གྲགས་ཁྱབ་ཚད་མཐོར་འདེགས་གཏང་རྒྱུ་རེད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1