༄༅།། རླངས་འཁོར་འཛད་སྤྱོད་བྱས་ན་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་གསུམ་གྱི་ཞབས་ཞུ་ཚང་དགོས་པ།

སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་གཉིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-08



སྒྲོལ་མ་ཚེ་རིང་དང་ཚེ་རིང་ཆོས་སྐྱིད་གཉིས་ཀྱིས་བསྒྱུར།
 
 རྒྱབ་ལྗོངས་ལ་ལྟ་བ།
        ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། རླངས་འཁོར་ནི་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཡོ་བྱད་ཞིག་ཏུ་གྱུར་ཡོད། ཁྱིམ་ཚང་གིས་ཁང་པ་ལས་ལྷག་པའི་འབྱོར་སྒོ་ཆེ་ཤོས་ནི་རླངས་འཁོར་ཆགས་ཡོད། དེ་ཡང་རླངས་འཁོར་འཛད་སྤྱོད་ཀྱི་ཁེ་དབང་ལ་གནོད་པའི་གྱོད་དོན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
  དཔེ་མཚོན་གྱོད་གཞི།
        རླངས་འཁོར་གསར་པ་སྤྱི་ལེ་བཞི་སྟོང་ལ་རྒྱུགས་ཏེ། རླངས་འཁོར་ཚོང་མཁན་གྱིས་སྐྱིན་ཚབ་ཤོར།
        2011ལོའི་ཟླ་9པའི་ཚེས་27ཉིན། ཁྲེན་ཏུའུ་ཡི་འཛད་སྤྱོད་པ་བློ་བཟང་གིས་ཁྲེན་ཏུའུ་རླངས་འཁོར་ཚོང་མཁན་ཚད་ཡོད་སྤྱི་གཉེར་ཁང་ཞིག་ནས་དངུལ་སྒོར་ཁྲི་180ཅན་གྱི་porscheབྱེས་བགྲོད་རླངས་འཁོརs480ccཉོས། དེ་ཡི་ནང་རིན་གོང་སྒོར་ཁྲི་155.3དང་། ཉོ་ཁྲལ་ནི་སྒོར་ཁྲི་28.8ཡིན། སྐབས་དེ་དུས་སྤྱི་གཉེར་ཁང་དེ་ལ་རླངས་འཁོར་རིགས་འདི་མེད་པས། རླངས་འཁོར་ཚོང་ཁང་གཞན་པ་ཞིག་བརྒྱུད་ནས་ད་གཟོད་ཉོ་ཐུབ་པ་བྱུང་།
        ལོ་དེའི་ཟླ་10པའི་ཚེས་14ཉིན། བློ་བཟང་གིས་ཁྲུང་ཆིན་ནས་ཟི་ལིང་བར་རླངས་འཁོར་བསྐོར་ནས་འགྲོ་དུས། རླངས་འཁོར་གྱི་བདེ་སྲུང་དབུགས་རྐྱལ་གྱིས་ཉེན་བརྡ་བཏང་སོང་། 4sཁང་ནས་ཞིབ་བཤེར་དང་བཟོ་བཅོས་བྱ་དུས། ཁོ་ལ་རླངས་འཁོར་འདི་ནི་2010ལོའི་ཟླ་6པའི་ཚེས་20ཉིན་ནས་2011ལོའི་ཟླ་6པའི་ཚེས་20ལོའི་བར་ཨང་རྟགསs911k6བཀོལ་ནས་སྤྱི་ལེ་4288ལ་རྒྱུགས་འདུག གཞན་4sཁང་ནས་སྣ་གྲངས་14ལྷག་ལ་བཟོ་བཅོས་བྱས་མྱོང་ཟེར། བློ་བཟང་གིས་གནས་ཚུལ་དེ་དག་ཤེས་རྗེས་རླངས་འཁོར་ཚོང་ལས་སྤྱི་གཉེར་ཁང་དེ་ཁྲིམས་ཁང་ལ་གཏུགས་པ་དང་སྐྱིན་ཚབ་ལྡབ་འགྱུར་སྤྲོད་དགོས་པའི་རེ་བ་བཏོན།
        ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་ན། རླངས་འཁོར་གཉེར་ཚོང་ཁང་གིས་རླངས་འཁོར་ལ་སྐྱོན་ཡོད་པ་སྦ་བསང་བྱས་པར་མ་ཟད་རླངས་འཁོར་རྙིང་པ་གསར་པར་རྫུས་ནས་བཙོང་པས། མགོ་སྐོར་གྱི་ནག་ཉེ་བཟོས་ཡོད། 《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཁྲིམས་ཡིག》གི་དོན་ཚན་49པར་གཞིར་བཟུང་ནས། ཁྲིམས་གཅོད་དང་པོར་རླངས་འཁོར་གཉེར་ཚོང་ཁང་གིས་བློ་བཟང་ལ་སྒོར་ཁྲི་155.3གྱི་གྱོང་གུད་སྐྱིན་ཚབ་དགོས་པར་མ་ཟད། རླངས་འཁོར་ཡང་བློ་བཟང་ལ་དབང་པ་བྱས།
  ཁྲིམས་རྩོད་པའི་དཔྱད་བརྗོད།
        གོང་གི་དེ་ནི་རླངས་འཁོར་གཉེར་ཚོང་ཁང་གིས་འཛད་སྤྱོད་པར་མགོ་སྐོར་བཏང་བའི་དཔེ་མཚོན་ཅན་གྱི་དཔེར་བརྗོད་ཞིག་རེད། མི་དམངས་ཁྲིམས་ཁང་གིས་《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཁྲིམས་ཡིག》གིས་རླངས་འཁོར་གཉེར་ཚོང་ཁང་ལ་ཆད་པ་ནན་མོ་བཅད་པ་དང་ཁྲིམས་མིན་གྱི་བྱ་སྤྱོད་དེ་དག་ལ་རྡུང་རྡེག་ཤུགས་ཆེར་བྱས། རྒྱལ་ཁབ་སྤུས་ཚད་ལྟ་རྟོག་ཞིབ་དཔྱད་སྤྱི་ཁྱབ་ཅུས་ཀྱིས་འཛད་སྤྱོད་པ་སྟོང་ཕྲག་གི་རེ་འདུན་ལྟར། 2012ལོའི་ཟླ་6པའི་ཚེས་27ཉིན་《ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་པའི་ལས་འགན་ཆེད་དོན།》ཞེས་པ་ཁྱབ་བསྒྲགས་བྱས། དེ་ཡི་ནང་དུ་ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་པའི་ལས་འགན་གསལ་པོར་བརྗོད་ཡོད། 2013ལོའི་ཟླ་10པ་ནས་བཟུང་དངོས་སུ་ལག་བལྟར་བྱས་ཡོད།
  ཁྲིམས་ལུགས་སྦྲེལ་ཐག
《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཁྲིམས་ལུགས།》
        དོན་ཚན་ཞེ་དགུ་པ། བདག་གཉེར་པས་མཁོ་འདོན་བྱས་པའི་ཐོན་རྫས་དང་ཞབས་ཞུ་ལ་མགོ་སྐོར་གྱི་སྤྱོད་པ་ཡོད་ཚེ། འཛད་སྤྱོད་པའི་རེ་བ་ལྟར་སྐྱིན་ཚབ་ལྷག་མ་སྤྲོད་དགོས་ལ། སྐྱིན་ཚབ་སྤྲོད་པའི་ཚད་ནི་འཛད་སྤྱོད་པའི་ཉོས་པའི་ཚོང་ཟོག་གམ་ཞབས་ཞུའི་རིན་གོང་གི་ལྡབ་གཅིག་ཡིན་དགོས།
《ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་པའི་ལས་འགན་ཆེད་དོན།》
         དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལོག་ནས་ཐོན་སྐྱེད་དང་ཉོ་ཚོང་བྱས་པའི་ཁྱིམ་སྤྱོད་རླངས་འཁོར་ནི་《ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་པའི་ལས་འགན་ཆེད་དོན།》གྱི་ནང་འདུ་བ་རེད།
        དོན་ཚན་བཅོ་བརྒྱད་པ། ཁྱིམ་སྤྱོད་རླངས་འཁོར་ཐོན་རྫས་དེ་ཞིག་གསོ་ཡོད་པའི་དུས་ཡུན་ནང་སྤུས་ཀ་ལ་གནད་དོན་བྱུང་ཚེ། འཛད་སྤྱོད་པས་དཔང་ཡིག་ལ་བརྟེན་ནས་རིན་མེད་ཞིག་གསོ་བྱ་ཆོག
        དོན་ཚན་ཉི་ཤུ་པ། ཁྱིམ་སྤྱོད་རླངས་འཁོར་ཐོན་རྗས་རྣམས། ཞིག་གསོ་ཡོད་པའི་དུས་ཡུན་ནང་སྐྱོན་ཤོར་བ་དང་། བརྗེ་སྤོར་བྱེད་པའི་ཆ་རྐྱེན་འདེང་ན་བརྗེ་སྤོར་བྱ་ཆོག འཛད་སྤྱོད་པའི་ངེས་པར་ཏུ་རླངས་འཁོར་ཉོས་པའི་འཛིན་ཡིག་དང་དཔང་རྟགས་འཛིན་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1