ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་སྤྱི་བསྡོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-09


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་ནི་ཏང་དང་རྒྱལ་ཁབ་རྩ་འཛུགས་ལས་ཁུངས་དང་དོ་དམ་སྒྲིག་སྲོལ་གྱི་གོ་རིམ་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་བསྐྱར་འཛུགས་ཐེངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟླ་བདུན་པའི་ཚེས་ལྔ་ཉིན་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་སྤྱི་བསྡོམས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེ་ལས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་དང་རིན་ཐང་བྲལ་བའི་ཉམས་མྱོང་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལས་ཁུངས་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། བསྟུད་མར་ཉིན་འགའི་རིང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

        རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་སྤྱི་བསྡོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ལས་བཅོས་སྒྱུར་ལག་ལེན་ཁྲོད་ཀྱི་རིན་ཐང་བྲལ་བའི་ཉམས་མྱོང་ལ་གོ་རིམ་ལྡན་པར་སྤྱི་བསྡོམས་བྱས་པ་དང་། དེའི་ནང་གི་ཏང་གིས་ལས་ཁུངས་བཅོས་སྒྱུར་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་པ་དེས་ང་ཚོས་ལས་ཁུངས་བཅོས་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཁ་ཕྱོགས་བསྟན་ཡོད་ཟེར།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་འགུལ་སྟངས་ཤིག་ཡིན་པ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་འགུལ་སྐྱོད་ཐེངས་ཤིག་ཀྱང་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1