གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༠ཉིན།

ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་སྔོ་ཚལ་དྲོད་ཁང་ཆུང་ཆུང་ལས་ཕན་འབྲས་ཆེན་པོ་ཐོན།

    ཉེ་ཆར། ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་དུད་ཚང་དབུལ་པོའི་རྒྱ་ཐར་ལྷ་མོས་རང་ཉིད་ཀྱི་སྔོ་ཚལ་དྲོད་ཁང་ཆེན་པོའི་ཁྲོད་ཀྱི་སྔོ་ཚལ་ལ་ཆུ་འདྲེན་བཞིན་པའི་སྒང་ཡིན། མོས་ད་ལྟའི་འཚོ་བ་སྐྱིད་པོ་འདི་དངོས་གནས་ཏང་དང་སྲིད་གཞུང་གིས་རོགས་རམ་བྱས་པའི་དྲིན་རེད། ཆུ་འཐུང་དུས་ཁྲོན་པ་རྐོ་མཁན་བརྗེད་མི་རུང་ཞེས་པའི་དཔེ་ལྟར་ང་ཚོས་ཏང་གི་བཀའ་དྲིན་བརྗེད་མི་རུང་ཞེས་བཤད་པ་རེད།
    དགའ་འོས་པའི་སྔོ་ཚལ་གྱི་སྐྱེ་སྟོབས་མཐོང་སྐབས། འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་ལོ་ན50ལོན་པའི་རྒན་མོ་སྐལ་བཟང་ཆོས་མཚོས་དགའ་སྤྲོས་ཁེངས་ནས་སྔོན་ཆད་དབྱར་ཁར་ས་དོང་ཁྲོད་ཉར་ཚགས་བྱས་པའི་ལ་ཕུག་དང་ཞོག་ཁོག་ལས་མེད་པ་རེད། ད་ལྟར་ངེད་ཚང་གིས་ཀྱང་སྔོ་ཚལ་སྣ་ཚོགས་འདེབས་འཛུགས་བྱས་ཡོད་པ་རེད་ཅེས་བཤད།
    སྔོ་ཚལ་དྲོད་ཁང་ཁྲོད་སྐྱེ་འཕེལ་བཟང་བའི་སྔོ་ཚལ་མཐོང་ཚེ་སྐྱ་གཞི་གྲོང་སྡེའི་ཏང་ཡོན་རྒན་པ་བློ་བཟང་གིས་དགའ་སྤྲོའི་ངང་ད་ལྟ་ང་ཚོས་ནམ་ཡང་རང་ཉིད་ཀྱི་འདེབས་འཛུགས་བྱས་པའི་སྔོ་ཚལ་གསར་པ་ཟ་ཆོག་པ་རེད་ཅེས་བཤད།
    འཇའ་བ་གྲོང་རྡལ་མཁར་ཉམས་གྲོང་སྡེའི་ཚེ་དབང་གིས་སེམས་འགུལ་ཐེབས་པའི་ངང་ད་ལྟར་དྲོད་ཁང་ཆེན་པོ་འདིས་ཁྱིམ་ཚང་གི་འགྲོ་སོང་ཉུང་དུ་གཏོང་ཐུབ་པ་རེད། སྔོན་ཆད་ང་ཚོའི་ཁྱིམ་ཚང་གིས་ལོ་རེར་སྔོ་ཚལ་རྐྱང་པའི་འགྲོ་སོང་སྒོར་སྟོང་གཅིག་ཙམ་གཏང་དགོས་ཀྱི་ཡོད། རོགས་སྐྱོར་བྱེད་མཁན་ལས་བྱེད་པས་ང་ཚོའི་སྔོ་ཚལ་དྲོད་ཁང་ཆུང་གྲས་ཀྱི་གནད་དོན་ཐག་གཅོད་བྱས་པ་ནས་བཟུང་ང་ཚོས་ད་ལྟ་ལོ་གཅིག་ལའང་སྔོ་ཚལ་ཉོ་མི་དགོས་པ་རེད་ཅེས་བཤད།
    མིག་སྔར་འཇའ་བ་གྲོང་རྡལ་དུ་རྒྱུན་ཆད་མེད་པ་སྔོ་ཚལ་དྲོད་ཁང་ཆུང་གྲས་ཁྱབ་སྤེལ་བཏང་ནས་འདེབས་འཛུགས་དུད་ཚང་ཇེ་མང་དུ་འགྲོ་བཞིན་པ་དང་སྦྲགས། འཇའ་བ་གྲོང་རྡལ་གྱིས་ད་དུང་ཞིང་ལས་ལག་རྩལ་མི་སྣ་གདན་འདྲེན་ཞུས་ནས་དམིགས་བཀར་གྱིས་མང་ཚོགས་ལ་སྔོ་ཚལ་འདེབས་འཛུགས་བྱེད་ཚུལ་བསླབས་ནས་མང་ཚོགས་ཀྱི་སེམས་ཁྲལ་མེད་པར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་འཇའ་བ་གྲོང་རྡལ་དུ་ཡུལ་མིའི་དུད་ཚང127གྱིས་སྔོ་ཚལ་དྲོད་ཁང་ཆུང་གྲས་འཛུགས་སྐྲུན་བྱས་ཡོད་པ་རེད།
    འཇའ་བ་གྲོང་རྡལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ད་ལོར་སྒུ་སྟེང་གྲོང་སྡེས་སྔོ་ཚལ་དྲོད་ཁང་གསར་འཛུགས་བྱེད་བཞིན་ཡོད། ད་ལོའི་ལོ་མཇུག་ཏུ་སྒུ་སྟེང་གྲོང་སྡེའི་དུད་ཚང་ཡོད་ཚད་ལ་སྔོ་ཚལ་དྲོད་ཁང་རེ་གསར་སྐྲུན་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་འཕོ་འགྱུར་གཏོང་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1