སི་རི་ཡའི་བྱང་ཤར་རྒྱུད་དུ་འབར་གས་ཀྱི་འཇབ་རྒོལ་ཐོན་ནས་མི་11ལ་རྨས་སྐྱོན་ཕོག་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15



     སི་རི་ཡའི་སྨྱན་སྦྱོར་གྱིས་ཚེས་11ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སི་རི་ཡའི་བྱང་ཤར་རྒྱུད་ཀྱི་ཧ་སའེ་ཁེ་ཞིང་ཆེན་དུ་ཉིན་དེར་འབར་གས་ཀྱི་འཇབ་རྒོལ་ཐོན་ནས་མི་སེར་11ལ་རྨས་སྐྱོན་ཕོག་ཡོད་པ་རེད།
     སི་རི་ཡ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། འབར་རྫས་བླུགས་པའི་རླངས་འཁོར་ཞིག་ཧ་སའེ་ཁེ་ཞིང་ཆེན་གྱི་ཁ་སྨི་ཧྲི་ལི་གྲོང་ཁྱེར་ལྟེ་གནས་སུ་འབར་གས་བྱས་པས་མི་11ལ་རྨས་སྐྱོན་ཕོག་ཡོད། དོན་རྐྱེན་ཐོན་རྗེས་རྨས་མ་ས་གནས་དེ་གའི་སྨན་ཁང་ཞིག་ལ་བསྐྱལ་ནས་སྨན་བཅོས་བྱས་པ་རེད།
     གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་བཙུགས་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་གནས་ཚུལ་སྤེལ་བའི་ནང་། ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཀྱིས་ད་ཐེངས་ཀྱི་འཇབ་རྒོལ་བཟོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་བརྗོད་ཡོད་པ་རེད།
    ཧ་སའེ་ཁེ་ཞིང་ཆེན་ནི་སི་རི་ཡའི་བྱང་ཤར་རྒྱུད་དུ་གནས་ཤིང་། ཐུར་ཁེ་དང་དབྱི་རག་དང་ས་མཚམས་འབྲེལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1