མཚོ་སྔོན་གྱི་གནའ་བོའི་གྲོང་ཚོས་ཆུ་གཏོར་དུས་ཆེན་བསུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-15


        ཟླ་7ཚེས་11ཉིན། མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཐན་འབྲི་ཆུའི་འགྲམ་དུ་གནས་པའི་གནའ་བོའི་གྲོང་ཚོ་དབུ་སྤྲིན་མདར་ཆུ་གཏོར་དུས་ཆེན་བསུས་པ་དང་། ས་གནས་དེ་གའི་བོད་རིགས་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་གྲོང་ཚོའི་འགྲམ་གྱི་ཆུ་ཕྲན་ནས་ཆུ་བཅུས་པ་དང་ཕན་ཚུན་ལ་གཏོར་ཏེ། བཀྲ་ཤིས་བདེ་ལེགས་དང་ནད་མེད་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་རེད། ས་བབ་མཐོ་ཚད་སྨི་3700ཟིན་པའི་རོང་མ་འབྲོག་དབུ་སྤྲིན་མདའ་གྲོང་ཚོར་བོད་བཟོའི་རྡོ་རྩིག་མཁར་རྫོང་ཁྱུ་ཚོགས་ལས་གྲུབ་ཞིང་། གནའ་བོའི་གྲོང་ཚོ་དེ་2016ལོར་ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ཁག་བཞི་པའི་ནང་བཅུག་པ་དང་། དབུ་སྤྲིན་མདར་ཆུ་གཏོར་སྲོལ་དེ་མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལྔ་པའི་མིང་གཞུང་ནང་བཅུག་ཡོད་པ་རེད། འདི་ནི་མཚོ་སྔོན་ཡུལ་ཤུལ་གྱི་བོད་རིགས་མང་ཚོགས་ཀྱིས་ཕན་ཚུན་ཆུ་གཏོར་བ་དང་གསོལ་བ་སྨོན་ལམ་འདེབས་ཀྱིན་པའི་རྣམ་པ་ཡིན།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1