ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20


            དེ་རིང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་པེ་ཅིང་དུ་འཚོག་བཞིན་ཡོད་། ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་ཁྲིམས་ལྟར་རྒྱལ་ཁམས་སྐྱོང་བར་ ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ།  ཁྲིམས་སྐྱོང་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཀྲུང་དབྱང་གིས་སྲིད་སྐྱོང་ལམ་ལུགས་དང་སྲིད་སྐྱོང་ཏང་གི་འཛུགས་སྐྲུན་ལམ་ལུགས་ལ་ངོས་འཛིན་ཟབ་མོ་གནང་བར་མཚོན་ཡོད།  སྨྱན་སྦྱོར་འགའ་རེས་བསྟན་དོན། ཐེངས་འདིའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཕྱོགས་ལ་ཞིབ་འཇུག་གནང་བ་ཡིན་ཞིང་། འདི་ནི་གུང་ཁྲན་ཏང་རང་ངོས་ཀྱི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་ཀྱི་ལས་དབང་དང་ཡང་འབྲེལ་བ་ཆེན་པོ་ཡོད།

སྤྱི་ཟླ10་བའི་ཚེས་20ནས་23བར་འཚོགས་བཞིན་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་འགན་ཆེན་པོ་ལྔ་ནི།

1 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་ཀའི་སྙན་ཞུ་འབུལ་རྒྱུ།

2 ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ།

3 《ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཀྱི་གནད་དོན་གལ་ཆེན་ཁ་ཤས་ཀྱི་ཐག་གཅོད》ཅེས་པར་གྲོས་ཞིབ་བྱ་རྒྱུ།

4 མི་དོན་ལེགས་སྒྲིག་ཁག་ཅིག་གི་ལས་ཀ་བྱ་རྒྱུ།

5 གྲོས་ཚོགས་འཚོགས་པའི་གནས་ཚུལ་ཕྱི་ཕྱོགས་ལ་སྤྱི་བསྒྲགས་ཁྱབ་སྤེལ་བྱ་རྒྱུ་བཅས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1