ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-17



ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་གནང་། 

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་གནང་། 


ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་གནང་། 

        ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་གི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་གནང་སྐབས་བསྟན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་ནན་མོ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བཟང་བོ་བྱེད་དགོས་ལ། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་འགན་སྲུང་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས་མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།
        ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ལིས་ཅི་ཧིན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པུའུ་ཞའོ་ལིན་གཉིས་ཀ་མཉམ་དུ་གཞིས་ཁུལ་དང་ནགས་ར། ཞིང་སྡེ། མཐོ་རིམ་སློབ་གྲྭ། ལས་དོན་ལས་ཁུངས་སོགས་སུ་ཕེབས་ཏེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལ་རྟོག་ཞིབ་མཛད་པར་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་མཛད།
        ཚེས་བཅོ་ལྔ་ཉིན་སྔ་དྲོར། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥིན་གྲོང་ཁྱེར་གྱི་ལིན་ཧོང་གཞིས་ཁུལ་དུ་ཕེབས་ཏེ་གཞིས་ཁུལ་གྱི་གཞི་རིམ་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ་མཉམ་བསྲེས་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད་བྱིས་པ་རྣམས་དང་གཞིས་ཁུལ་སྡོད་དམངས་དང་གླེང་མོལ་མཛད། ཞི་ཅིན་ཕིང་གིས་བསྟན་དོན། གཞིས་ཁུལ་ནི་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞི་ཡིན་པ་དང་མི་རིགས་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞིས་ཁུལ་ལ་སྐུལ་འདེད་བཏང་སྟེ་གཞིས་ཁུལ་དེ་རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་ལ་རོགས་འདེགས་བྱེད་པའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་གསར་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་རིགས་སོ་སོའི་མང་ཚོགས་ལ་བདེ་སྡོད་ལས་བརྩོན་གྱི་གཞིས་ཁུལ་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཟེར།
        ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར།  ཞི་ཅིན་ཕིང་མཁར་སྔོན་པོ་གྲོང་ཁྱེར་གྱི་ནང་སོག་སློབ་ཆེན་དུ་ཕེབས། ནང་སོགས་སློབ་ཆེན་གྱིས་མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཞི་ཅིན་ཕིང་གིས་སློབ་གྲྭའི་འཛུགས་སྐྲུན་འཕེལ་རྒྱས་དང་སློབ་ཁྲིད་ཚན་ཞིབ། ཤེས་ལྡན་མི་སྣ་སྐྱེད་སྲིང་། བསམ་བློ་ཆབ་སྲིད་འཛུགས་སྐྲུན་སོགས་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པར་མ་ཟད་སློབ་གྲྭའི་གྲུབ་འབྲས་པར་རིས་འགྲེམ་སྟོན་ལ་གཟིགས།  ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་རྗེས། ནང་སོག་གིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ནང་སོག་གི་བློ་མཐུན་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་རེ་བ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་ནང་སོག་རྟའི་སྙིང་སྟོབས་དར་སྤེལ་བྱས་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།
        ཏིང་ཞེའུ་ཞང་དང་ལིག་ཧི། ཁྲིན་ཞི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1