ཁ་ན་ཏའི་ཆུ་ཐོག་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་3རྐྱེན་ལམ་དུ་ཤོར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18



 
      ཟླ་7ཚེས་16ཉིན། ཁ་ན་ཏའི་སྨྱོན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་15ཉིན། ཆུ་ཐོག་གནམ་གྲུ་ཞིག་ཁ་ན་ཏའི་ཤར་རྒྱུད་ཀྱི་ཉིའུ་ཧྥེན་ལན་དང་ལ་པུའུ་ལ་ཏུའོ་ཞིང་ཆེན་དུ་ཆག་སྒོ་བྱུང་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་4གར་སོང་ཆ་མེད་དུ་འགྱུར་ཡོད།
     གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏའི་ས་ཀེ་ནེ་མཁའ་འགྲུལ་ཀུང་སིའི་ཁོངས་སུ་གཏོགས་པའི་ཆུ་ཐོག་གནམ་གྲུ་དེར་དོན་རྐྱེན་ཐོན་སྐབས་གནམ་གྲུའི་ནང་མི་7ཡོད་པ་རེད། དེའི་ནང་གནམ་གྲུའི་ཁ་ལོ་བ་གཅིག་དང་། ཡུལ་སྐོར་སྣེ་ཤན་པ་གཉིས། ཡུལ་སྐོར་བ་4བཅས་ཡོད་པ་རེད། གནམ་གྲུ་དེ་ཚེས་15ཉིན་གྱི་སྔ་དྲོ་ཁ་ན་ཏའི་ཁུའེ་པེ་ཁེ་ཡི་ཉ་འཛིན་ཞག་སྡོད་སྒར་ས་ཞིག་ནས་ཐོན་ཏེ་ཉིའུ་ཧྥེན་ལན་དང་ལ་པུའུ་ལ་ཏུའོ་ཞིང་ཆེན་གྱི་ཉ་འཛིན་སྒར་ས་ཞིག་ཏུ་བསྐྱོད་མོད། འོན་ཀྱང་དེ་སྔའི་འཆར་གཞི་ལྟར་ཉིན་དེའི་དགོང་མོར་ཕྱིར་ལོག་ཐུབ་མེད། འཚོལ་སྐྱོབ་མི་སྣས་ཚེས་16ཉིན་གྱི་ཞོགས་པར་ཉིའུ་ཧྥེན་ལན་དང་ལ་པུའུ་ལ་ཏུའོ་ཞིང་ཆེན་བྱང་རྒྱུད་ཀྱི་མཚེའུ་ཞིག་གི་ཐོག་ནས་ཆག་སྒོ་བྱུང་བའི་གནམ་གྲུའི་ཆག་རོ་རྙེད་པ་རེད།
     ས་ཀེ་ནེ་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་རང·ཐེ་ལང་པུའུ་ལའེ་ཡིས་སྨྱོན་སྦྱོར་ལ་གནམ་གྲུའི་ཁ་ལོ་བ་ཚུད་པའི་མི་གསུམ་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་ཡོད། འཚོལ་སྐྱོབ་མི་སྣས་སྔར་བཞིན་མི་གཞན་བཞི་འཚོལ་བཞིན་ཡོད། སྟབས་ལེགས་ནས་སྲོག་ཉེན་ལས་ཐར་བའི་མི་རྙེད་པ་ཤོག་ཅེས་བརྗོད་པ་རེད། གནམ་གྲུར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་མིག་སྔར་ད་དུང་གསལ་པོ་ཤེས་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1