གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༨ཉིན།

ཞི་ཅིན་ཕིང་གིས་རང་རྒྱལ་དུ་ཡོང་ནས་ཉིས་སྟོང་བཅུ་དགུ་ལོའི་ཕྱི་སྡོད་གཞུང་ཚབ་ཆེན་མོའི་བྱ་བའི་གྲོས་ཚོགས་ལ་ཞུགས་པའི་གཞུང་ཚབ་ཆེན་མོ་ཡོངས་ལ་མཇལ་འཕྲད་གནང་།

          ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རང་རྒྱལ་དུ་ཡོང་ནས་ཉིས་སྟོང་བཅུ་དགུ་ལོའི་ཕྱི་སྡོད་གཞུང་ཚབ་ཆེན་མོའི་བྱ་བའི་གྲོས་ཚོགས་ལ་ཞུགས་པའི་གཞུང་ཚབ་ཆེན་མོ་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཕྱི་སྡོད་གཞུང་ཚབ་ཆེན་མོའི་བྱ་བའི་གྲོས་ཚོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། གཞུང་ཚབ་ཆེན་མོ་རྣམས་དང་ཕྱི་འབྲེལ་འཐབ་ཕྱོགས་སྟེང་དུ་འབད་འཐབ་བྱེད་བཞིན་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས།
            ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་ཕེབས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་གཞུང་ཚབ་ཆེན་མོ་རྣམས་ལ་ཕྱག་འཇུ་གནང་ཞོར་དུ་གླེང་མོལ་བྱས་པར་མ་ཟད་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
            རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཉིས་སྟོང་བཅུ་དགུ་ལོའི་ཕྱི་སྡོད་གཞུང་ཚབ་ཆེན་མོའི་བྱ་བའི་གྲོས་ཚོགས་སྟེང་གཏམ་བཤད། ཚོགས་ཐོག་ནས་དེང་སྐབས་རྒྱལ་སྤྱིའི་གནས་བབ་དང་དེ་མིན་རང་རྒྱལ་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་ལོ་རྒྱུས་ཕྱོགས་གནས་ལ་དབྱེ་ཞིབ་བྱས་པར་མ་ཟད། ཕྱི་སྡོད་གཞུང་ཚབ་ཆེན་མོ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་བྱ་བའི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།  གསར་གཏོད་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་སྒོས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་བསུ་མ་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་བའི་རེ་བ་བཏོན།
རྩོམ་སྒྲིག་པ། སངས་སྐྱབས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1