༄༅། །དཀར་ཟས་ཁོ་ན་བསྟེན་ན་ཁྲག་ཤེད་མཐོ་བའི་ནད་འབྱུང་སྲིད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20



རྙིང་ཚབ་གསར་བརྗེ་ནད་ཚོགས་ཟེར་བ་ནི་རྙིང་ཚབ་གསར་བརྗེ་རྒྱུན་ལྡན་མིན་པ་ལས་བསྐྱེད་པའི་བསྟུད་མའི་འདུས་ནད་ཀྱི་རིགས་ཤིག་ཡིན། ནད་ཐོག་ཚོད་དཔྱད་ཁྲོད་དུ་རྐེད་པའི་སྦོམ་ཕྲ་དང་། ཁྲག་ཤེད་ཀྱི་མཐོ་དམའ། མངར་སྣུམ་ཐེན་གསུམ་གྱི་མཐོ་དམན། སྟུག་ཚད་མཐོ་བའི་ཚིལ་སྤྲིར་མཁྲིས་ཟུངས་ཕྲུན་གྱི་ཚད། ལྟོ་སྟོང་གི་ཁྲག་མངར་བཅས་རྣམ་གྲངས་ལྔ་བོ་ལས་གསུམ་གྱི་ཨང་གྲངས་ཚད་གཞི་ལས་བརྒལ་ན་རྙིང་ཚབ་གསར་བརྗེ་ནད་ཚོགས་བྱུང་ཡོད་པས་ཐག་གཅོད་བྱས་ཆོག དེ་ནི་གཅིན་སྙི་ཟ་ཁུའི་ནད་དང་སྙིང་དང་ཁྲག་རྩའི་ནད་འབྱུང་བའི་སྔོན་བལྟས་ཡིན་པར་བཤད།

ཞིབ་འཇུག་བྱས་པ་ལྟར་ན། བུད་མེད་ཀྱིས་དུས་ཡུན་རིང་བོར་དཀར་ཟས་ཁོ་ན་བསྟེན་ན་ལུས་ཕུང་གི་ཐཱན་ཆུ་འདྲེས་འགྱུར་རྫས་དང་སྤྲི་དཀར་སོགས་ཀྱི་བསྡུར་ཚད་དོ་མཉམ་ཤོར་འགྲོ་ཟེར། ཐ་ན་འཇུ་སྟོབས་ཞན་པ་དང་རིམས་འགོག་ནུས་པ་ཉམས་པ། ཡིད་འཛིན་ཉམས་པ། ནང་གི་ཟགས་ཐོན་དང་རྙིང་ཚབ་གསར་བརྗེ་ཡི་ནུས་པར་རྐྱེན་ཞུགས་ཏེ་ཁྲག་ཞན་དང་འབྲས་སྐྲན་གྱི་ནད་ཀྱང་བསྐྱེད་སྲིད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1