གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་ སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༡༨ཉིན།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


   ཟླ་བ7པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་དམིགས་བསལ་མངགས་བཅོལ་ལས་གཞི《ཀྲུང་གོའི་ཐང་གའི་རིག་གནས་ཡིག་ཚགས》ཀྱི2019ལོའི་ལས་དོན་སྐུལ་སྤེལ་ཚོགས་འདུར་ཞུགས་མཁན་གྱི་ཆེད་མཁས་ཅན་མི་གྲངས་སུམ་ཅུ་ལྷག་དར་མདོ་གྲོང་ཁྱེར་ཟུར་རི་ཕུག་ན་གནའ་ནས་གཞིས་ཆགས་པའི་ནོར་བུ་རྡོ་རྗེ་ཚང་དུ་སོང་ནས། ནོར་བུ་རང་གིས་ལོ་སུམ་ཅུ་ལྷག་གི་རིང་ལ་འཚོལ་བསྡུ་དང་ཉར་ཚགས་བྱས་པའི་བོད་ཀྱི་ཐང་ག་རྩེ་གྲ་ཅན་ལ་ལྟ་སྐོར་བྱས་པ་རེད།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


    ཟུར་རི་ཕུག་གི་སྒང་ཐོག་ན་དེང་རབས་ཀྱི་བཟོ་སྐྲུན་ལས་བོད་རང་གི་ཁྱད་ཆོས་མ་ཉམས་པའི་ཁང་པ་ཐོག་རྩེག་ལྔ་ཅན་ཞིག་ཡོད་པ་དེ་ནི་ནོར་བུ་ཚང་གི་ཁྱིམ་རེད། ཁང་པའི་སྒོ་ཆེན་དུ་འཛུལ་ཏེ་ཐོག་རྩེག་དང་པོར་སླེབས་པ་ན་མེ་ཏོག་སྣ་ཚོགས་བཞད་པའི་དྲི་བསུང་དང་ཙན་དན་དང་ཤུག་པའི་དྲི་ངད་ཀྱིས་ཡོངས་སུ་ཁྱབ་པ་དང་། ཁང་པའི་སྒེའུ་ཁུང་ནས་རྒྱང་ལྟ་བྱས་པ་ན་མདོ་གྲོང་གི་མཛེས་ཉམས་མིག་ལམ་དུ་མཐོང་ཐུབ།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


    ཁང་རྩེག་བཞི་པ་ན་ནོར་བུ་རང་གིས་ལོ་མང་པོའི་རིང་ལ་ཉར་ཚགས་བྱས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་དངོས་རྫས་ལས་ཆེས་དཀོན་ཞིང་རིན་ཐང་གཞལ་དུ་མེད་པའི་ཐང་ག་རྩེ་གྲ་ཉི་ཤུ་ལྷག་བཤམས་སྟོན་བྱས་ཡོད་ཅིང་། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐང་ག་དེ་དག་ནི་དུས་རབས་བཅུ་གཅིག་ནས་བཅུ་དགུའི་བར་དུ་བཞེངས་བྲིས་གནང་བ་དང་། གྲུབ་མཐའ་ཁག་ལྔ་འདུས་པའི་མཁྱེན་ལུགས་དང་སྨན་ལུགས། ཀརྨ་སྒར་བྲིས་དང་ནམ་མཁའ་རྒྱན་སོགས་ཀྱི་འབྲི་རྩལ་དང་ཁྱད་ཆོས་ལྡན་པ་ཤ་སྟག་ཡིན་པས་ཐེངས་འདིའི་ཀྲུང་གོའི་ཐང་གའི་རིག་གནས་ཡིག་ཚགས་ཀྱི་ལས་དོན་ཚོགས་འདུར་ཞུགས་པའི་ཆེད་མཁས་ཅན་རྣམས་ཀྱིས་ཧ་ལས་ཤིང་བསྔགས་བརྗོད་ཡང་ཡང་བྱས་པ་རེད།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


   ནོར་བུ་རང་དར་མདོར་སྐྱེས་ཤིང་། ཆུང་དུས་ནས་ཞང་པོའི་བཀའ་སློབ་དང་ཁྱིམ་ནང་གི་བག་ཆགས་ཟབ་མོར་བརྟེན་བོད་རང་གི་སྲོལ་རྒྱུན་རིག་གནས་ལ་ལྷག་ཏུ་དུངས་ཤིང་བརྩེ་བ་དང་། ལོ་མང་པོའི་རིང་ལ་ཁོ་རང་རྒྱལ་ཕྱི་ནང་ཀུན་ཏུ་འགྲིམས་ཏེ་བོད་ཀྱི་ཐང་ག་དང་སྐུ་འདྲ། ཆོས་ཆས་སོགས་ཁྱད་དུ་འཕགས་པའི་དངོས་རྫས་མང་པོ་འཚོལ་བསྡུ་དང་ཉར་ཚགས་བྱས་པ་རེད། ཁོང་གིས་ཁྱད་དུ་འཕགས་པའི་ཐང་ག་རྩེ་གྲ་འདི་དག་ཉར་ཚགས་བྱེད་པ་ནི་རང་གི་འོས་འགན་ཞིག་གི་འདུ་ཤེས་བཟུང་བ་དང་། དེ་ནི་ང་ནོར་བུ་རྐྱང་པའི་ཁྱད་ནོར་ཙམ་མ་ཡིན་ཏེ། དེ་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་དང་བོད་མི་རིགས་རང་གི་ཐུན་མོང་གི་ཁྱད་ནོར་ཡིན་ཞིང་། ངེས་པར་དུ་ཉར་ཚགས་དང་སྲུང་སྐྱོང་ལེགས་པོར་བྱེད་དགོས་པ་དང་། མ་འོངས་པར་ཐང་ག་དེ་དག་བཤམས་སྟོན་བྱེད་ཡུལ་གྱི་བཤམས་སྟོན་ཁང་ཞིག་བཞེངས་སྐྲུན་ཐུབ་སོང་ན་དེ་དག་ཉར་ཚགས་དང་སྲུང་སྐྱོང་བྱེད་པར་དེ་བས་ལེགས་པོ་ཡོད་རྒྱུ་རེད་ཅེས་བཤད་པ་རེད།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།


   ལྟ་སྐོར་བྱས་རྗེས་ཚོགས་ཞུགས་ཆེད་མཁས་རྣམས་ཀྱིས་བོད་ཀྱི་ཐང་ག་རིག་གནས་སྐོར་ནས་རང་རང་གི་ལྟ་ཚུལ་ལྷུག་བརྗོད་དང་ཉམས་མྱོང་སྤེལ་རེས་ཀྱིས་བགྲོ་གླེང་བྱས་པ་རེད།


དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

དར་མདོ་ནོར་བུས་ཉར་བའི་རིག་དངོས་ནོར་བུ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1