ཞི་ཅིན་ཕིང་གིས་2019ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་ འདུའི་ཚོགས་ཞུགས་ཕོ་ཉར་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19


༄༅།།ཞི་ཅིན་ཕིང་གིས་2019ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་
འདུའི་ཚོགས་ཞུགས་ཕོ་ཉར་མཇལ་འཕྲད་གནང་བ།

    འདི་ནི་ཟླ་7ཚེས་17ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ནང་དུ་ལོག་པའི་2019ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་འདུར་ཞུགས་མཁན་ཕོ་ཉ་ཡོངས་ལ་མཇལ་འཕྲད་གནང་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་17ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ནང་དུ་ལོག་ནས་2019ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་འདུར་ཞུགས་མཁན་ཕོ་ཉ་ཡོངས་དང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད་ཕོ་ཉ་ཚོ་དང་ཕྱི་འབྲེལ་འཐབ་ཕྱོགས་སུ་དཀའ་སྤྱད་ལས་དོན་སྤེལ་མཁན་བློ་མཐུན་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ་རེད།
     ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཡི་ཐོག་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་ཕོ་ཉ་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་མ་ཟད་གླེང་མོལ་ཡང་ཡང་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྒྲོན་གནང་བ་རེད།
     རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཝང་དབྱི་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་2019ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ཚོགས་འདུའི་ཐོག་མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་རང་རྒྱལ་འཕེལ་རྒྱས་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཕྱི་རྒྱལ་དུ་བཅའ་སྡོད་ཕོ་ཉ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བློ་རྩ་བརྟན་པོས་གསར་འབྱེད། ཡར་བརྩོན་ཧུར་ཐག་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1