ཧན་ཀྲིན་རྒྱལ་ཡོངས་ཀྱི་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་སྐུལ་འདེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང། སྤེལ་དུས། 07-19


            ཟླ7པའི་ཚེས18ཉིན། རྒྱལ་ཡོངས་ཀྱི་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་སྐུལ་འདེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་དངོས་འབེབ་བྱས་ཏེ། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་གྲུབ་འབྲས་སྤྱི་བསྡོམས་བྱས་པ་དང་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
            ཚོགས་ཐོག་ཏུ་ཧན་ཀྲིན་གྱིས་ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་ནི་མི་དཀྱིལ་སྙིང་ཡིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། བསམ་བློ་དང་ངོས་འཛིན། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ་དང་། ཁྱིམ་ཐོ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཕན་འབྲས་ཇེ་མང་དུ་གཏོང་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1