དཔལ་ཡུལ་རྫོང་གིས་ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་གི་ཚོང་གཉེར་ལག་ཁྱེར་དང་པོ་སྤྲད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 07-22


 སྤྱི་ཟླ7པའི་ཚེས10ཉིན། དཔལ་ཡུལ་རྫོང་གི་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཚོང་གཉེར་ཚོམས་ཆེན་དུ་དགོད་སྒྲས་ཁེངས། དཔལ་ཡུལ་ཧོར་སྤོ་སྤོ་དགའ་ཞིང་ལས་ཆེད་ལས་མཉམ་འབྲེལ་ཁང་གི་ལས་འཛིན་འགོ་གཙོས་ཞབས་འདེགས་སྒེའུ་ཁུང་གི་ལས་སྒྲུབ་མི་སྣའི་ལག་ནས་ཚོང་གཉེར་ལག་ཁྱེར་ལེན་སྐབས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།


    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་དེ་ཞིང་པའི་ཆེད་ལས་མཉམ་ལས་ཁང15དང་སྤྱི་གཉེར་ཁང་གཅིག་ལས་གྲུབ་པ་རེད། གཙོ་བོ་ཞིང་ལས་འདེབས་འཛུགས་དང་ལག་རྩལ་སྦྱོང་བརྡར་བྱེད་ཅིང་། ཞིང་ཞོར་ཐོན་རྫས་དང་ཡུལ་ཐོན་དངོས་རྫས་ཉོ་སྒྲུབ་དང་བྲིན་ཚོང་སོགས་བྱས་ཏེ་གྲོང་རྡལ་ཡོངས་ཀྱི་གྲོང་སྡེ16གི་དུད་ཚང323གྱི་མང་ཚོགས་ལ་ཁེབས་པ་རེད། དེའི་ནང་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས132ཀྱི་མི་གྲངས2000ལྷག་ལ་ཁེབས་ནས། འགན་ལེན་ལྔ་ཡི་དུད་ཚང་དང་དྭ་ཕྲུག་ལ་རིན་པ་མི་དགོས་པར་མཉམ་འབྲེལ་ཁང་དུ་ཞུགས་བཅུག་པ་རེད།

   དཔལ་ཡུལ་རྫོང་ཧོར་པོ་སྤོ་དགའ་ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་ལ་ཚོང་གཉེར་ལག་ཁྱེར་སྤྲད་པ་དེ་དཔལ་ཡུལ་རྫོང་ཧོར་པོ་སྤོ་དགའ་ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་དངོས་སུ་འགོ་བཙུགས་པ་མཚོན་ཡོད་ལ། རྫོང་དེས་སྤྲད་པའི་ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་གི་ཚོང་གཉེར་ལག་ཁྱེར་དང་པོའང་ཡིན་པ་རེད་ཅེས་དཔལ་ཡུལ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འགན་ཁུར་མི་སྣས་དེ་ལྟར་བཤད་པ་རེད།

    སྔར་ལས་ལྷག་པར་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ནུས་ཤུགས་སྣོན་པ་དང་། གྲོང་སྡེ་སོ་སོའི་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་མི་འདང་བ་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་གཏོང་ཤུགས་ཞན་པའི་གནས་ཚུལ་སྣ་ཚོགས་དངོས་སུ་ཐག་གཅོད་བྱེད་ཆེད། དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག རྫོང་དེས་ཧོར་པོ་གྲོང་རྡལ་མཉམ་འབྲེལ་ས་ཚུགས་ཀྱི་རྫོང་རིམ་པའི་འགོ་ཁྲིད་དང་། རོགས་སྐྱོར་སྡེ་ཚན་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་འབྲེལ་ཡོད་འགན་ཁུར་མི་སྣ་དང་གྲོང་སྡེའི་ཡུལ་མིའི་འཐུས་ཚབ་སོ་སོ་སྡུད་རུབ་བྱས་ཏེ་སྔོན་རྗེས་སུ་གྲོས་ཚོགས་ཐེངས20ལྷག་འཚོགས་ནས། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཛུགས་གཉེར་བྱས་པའི་དོན་དག་ཆེད་དོན་ཞིབ་འཇུག་བྱས་པ་རེད། མཉམ་འབྲེལ་ཁང་གི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་རྡོ་རྗེས་དགའ་སྤྲོའི་ངང་ད་ལྟར་མཉམ་འབྲེལ་ཁང་དངོས་སུ་འགོ་བཙུགས་ཟིན་པས། རྗེས་མར་ང་ཚོས་གྲོང་སྡེ་སོ་སོའི་ནུས་པ་གཅིག་བསྡུས་བྱས་ནས་མཉམ་འབྲེལ་ཁང་འཕེལ་རྒྱས་གཏང་རྒྱུ་གཙོ་བོར་བྱེད་ཅིང་། མང་ཚོགས་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་ཡོང་བ་འགན་འཁྲི་དང་པོ་བྱས་ནས། སྔར་ལས་ལྷག་པར་ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དར་སྤེལ་བཏང་ནས། རྒྱུན་ཆད་མེད་པར་ཁྱད་ལྡན་ཞིང་འབྲོག་ལས་རིགས་འཕེལ་རྒྱས་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1