གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༢༢ཉིན།

ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་སྔ་སྣུར་དུ་ཡུལ་ཤོག་དང་གྲོང་རྡལ་དབུལ་ཕོངས་ལ་དངུལ་ལེན་ས་བཙུགས།

 ཉེ་ཆར། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་སྔར་སྣུར་དུ་ཉག་ཆུ་སྟོད་རྒྱུད་ཀྱི་ཡུལ་ཤོག་དང་གྲོང་རྡལ་ཤིན་ཏུ་དབུལ་ཕོངས་ལ་རོགས་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚུགས་བཀོད་སྒྲིག་བྱེད་པའི་ལས་ཀ་ལེགས་འགྲུབ་བྱུང་ནས་བརྒྱ་ཆ100ཡན་ལ་ཁེབས་པ་རེད།

   ཉག་ཆུ་རྫོང་སྟོད་རྒྱུད་ཀྱི་རྫོང4ཡི་འབྲེལ་མཚམས་ས་ཁུལ་དུ་ཆགས་ཡོད་པའི་ཤིན་ཏུ་དབུལ་ཕོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ24ཡི་སྲིད་འཛིན་གྲོས་སྡེ174ནི་དབུལ་ཕོངས་ནང་གི་དབུལ་ཕོངས་དང་དཀའ་ངལ་ནང་གི་དཀའ་ངལ་ཡོད་མཁན་ཡིན་ལ། ཁུལ་ཡོངས་ཀྱི་དུས་མཉམ་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པར་ཆེས་དཀའ་ཚེགས་ཆེ་བ་དང་ཆེས་གཙོ་ཆེ་བའི་ས་ཁུལ་ཞིག་ཀྱང་ཡིན་པ་རེད། དཀར་མཛེས་རྫོང་ནི་ས་མཚམས་འདིའི་དཀྱིལ་གཞུང་དུ་ཆགས་ཡོད་པར་བརྟེན། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཞིང་པར་རོགས་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚུགས་བཀོད་སྒྲིག་བྱེད་པའི་ལས་ཀར་ཧ་ཅང་མཐོང་ཆེན་བྱས་ཏེ། ལས་ཀ་དེ་འགོ་ཁྲིད་གཙོ་བོའི་ལས་གཞིར་བརྩིས་ཤིང་། ཞིང་ལས་དངུལ་ཁང་གི་འགོ་ཁྲིད་དང་ཚོང་འགྲུལ་པའི་སྤྱི་གཉེར་བས་དུས་ཚོད་དང་པོར་ཉག་ཆུ་སྟོད་རྒྱུད་ཀྱི་ཡུལ་ཤོག་བཞི་དང་གྲོང་རྡལ་གཅིག་ལ་ཕྱིན་ནས་ཞིང་པར་རོགས་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚུགས་བཀོད་སྒྲིག་བྱས། འབད་བརྩོན་ཧུར་ཐག་བྱས་པར་བརྒྱུད། ཉེ་ཆར་སྔར་སྣུར་དུ་ཞིང་པར་རོགས་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚུགས་བཀོད་སྒྲིག་བྱེད་པའི་ལས་འགན་གྲུབ་ནས་བརྒྱ་ཆ100ལ་ཁེབས་ཡོད། དུས་མཚུངས་སུ་ཞིང་ལས་དངུལ་ཁང་དེས་ད་དུང་མི་མང་འཛོམས་སར་དངུལ་ལེན་ཞབས་ཞུ་ས་ཚུགས་སྣོན་འཛུགས་བྱས་པ་རེད། ཞིང་པར་ཕན་པའི་དངུལ་ལེན་ཞབས་ཞུ་ས་ཚུགས་ཀྱི་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་ཆེད། ཞིང་ལས་དངུལ་ཁང་གིས་རྒྱ་བོད་སྐད་གཉིས་ཤེས་མཁན་གྱི་ཚོང་འགྲུལ་པའི་སྤྱི་གཉེར་བ་གཉིས་མངགས་ནས་ཞིང་འབྲོག་མི་དམངས་མི་རེ་རེ་བཞིན་དུ་དངུལ་ལེན་ཞབས་ཞུའི་སྒྲིག་ཆས་བཀོལ་སྤྱོད་བྱེད་ཚུལ་བསླབས་པར་མ་ཟད། ཡུལ་ཤོག་དང་གྲོང་རྡལ་སོ་སོ་ལ་གྲོང་སྡེར་འགན་གཙང་ལེན་བྱེད་མཁན་ལས་བྱེད་པ་ཡང་ན་གྲོང་སྡེར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་དང་པོ་གཅིག་ནས་གཉིས་བར་ལ་སྒྲིག་ཆས་བཀོལ་སྤྱོད་བྱེད་ཚུལ་སྦྱོང་བརྡར་བྱས་ཏེ་བེད་སྤྱོད་གཏོང་ཤེས་པར་བྱས།

   ཞིང་པར་རོགས་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚུགས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག ཞིང་ལས་དངུལ་ཁང་དེས་དབུལ་སྐྱོར་གནད་སྨིན་གྱི་ཞིང་འབྲོག་དུད་ཚང་གིས་དངུལ་གྲངས་ཉུང་བའི་ཡིད་བཏོན་དངུལ་བུན་གཏོང་བའི་མ་དངུལ་བེད་སྤྱོད་གཏོང་ཡུལ་ཁྱོན་ཡོངས་སུ་ཞིབ་བཤེར་བྱས་པ་རེད། ཡུལ་དངོས་སུ་དུད་ཚང་དབུལ་ཕོངས་ལ་ལྟ་སྐོར་བྱེད་པ་དང་། འབྲེལ་འདྲིས་བྱེད་སའི་ཡུལ་ཤོག་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་བཞུགས་མོལ་བྱས་པར་བརྒྱུད། ཞིང་ལས་དངུལ་ཁང་དེས་དབུལ་སྐྱོར་དངུལ་བུན་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་ཡིད་རྟོན་མ་དངུལ་བེད་སྤྱོད་དང་དོ་དམ་བྱས་ཚུལ་རྒྱུས་ལོན་བྱས་ནས། ཞིང་འབྲོག་དུད་ཚང་དབུལ་པོས་དངུལ་བུན་བཏང་ནས་བེད་སྤྱོད་གཏོང་ཡུལ་ངོ་མར་རྒྱུས་ལོན་བྱས་ཏེ་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གྱི་དངོས་ཕན་ཐོབ་པར་ཁག་ཐེག་བྱས་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1