《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-24


             《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པའི་སོག་རིགས་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས་བཅས་གྲངས་ཉུང་མི་རིགས་ལྔའི་ཡི་གེའི་པར་གཞི་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད། ཚེས་22ཉིན་པེ་ཅིང་དུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་དེབ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཡིག་བསྒྱུར་དཔེ་སྐྲུན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་སྤེལ་རེས་བྱས་པ་དང་ཆབས་ཅིག་སློབ་སྦྱོང་དྲིལ་བསྒྲགས་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ས་ཁུལ་དུ་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད།
             ཚོགས་འདུའི་ཐོག 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དེབ་གཉིས་པའི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་ཐད་ཀར་དང་། དེ་བས་རྒྱ་ཁྱབ། དེ་བས་གཏིང་ཟབ་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་ཕན་པ་ཡོད་ལ། ཏང་ཀྲུང་དབྱང་གི་དགོངས་པ་གསར་ཤོས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཉེ་འགྲམ་དུ་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་འདུ་ཤེས་དང་སྲིད་སྐྱོང་མཛད་ཇུས་ལ་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1