སྔོན་དཔག་བྱས་པ་ལྟར་ན་ཕོ་བྲང་པོ་ཏ་ལའི་གཅེས་ནོར་ཁང་རྒྱལ་སྟོན་དུས་ཆེན་རིང་བསྐྱར་དུ་སྒོ་ཕྱེ་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-24


 ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གསར་འགོད་པས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་ནས་རྒྱུས་ལོན་བྱུང་པ་ལྟར་ན། འགྲེམས་སྟོན་ལ་སྒྱུར་བཅོས་དང་རིམ་པ་སྤར་བའི་དབང་གིས་གནས་སྐབས་སུ་ཕྱི་ཕྱོགས་ལ་སྒོ་འབྱེད་མཚམས་བཞག་པའི་ཕོ་བྲང་པོ་ཏ་ལའི་གཅེས་ནོར་ཁང་དེ་སྔོན་དཔག་བྱས་པ་ལྟར་ན་རྒྱལ་སྟོན་དུས་ཆེན་གྱི་རིང་བསྐྱར་དུ་སྒོ་ཕྱེ་རྒྱུ་རེད་འདུག
          ཉེ་ཆར་བོད་ལྗོངས་འདི་ཉིད་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་བས། གཤམ་གྱི་ཆ་འཕྲིན་འདི་དག་མགྱོགས་པོ་ཁོང་དུ་ཆུད་པར་བྱས་ན་ཁྱེད་རང་ཡུལ་སྐོར་དུ་འགྲོ་བར་དེ་བས་སྟབས་བདེ་ཡོང་ངོ་།

          ཡུལ་དངོས་སུ་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངག་ཉོ་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་བརྒྱད་པ་ཡིན།
          ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངག་ཉོ་བྱེད་སྟངས་ལ་རིགས་གཉིས་ཡོད་དེ། གཅིག་ནི་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངག་ཉོ་བྱེད་གནས་ཡིན་ཞིང་། ཉིན་གཅིག་གི་སྔོན་ལ་མངག་ཉོ་བྱེད་སར་ཡོང་ནས་མངག་ཉོ་བྱེད་དགོས་པ་དང་། སྔོན་མངག་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས། ཕོ་བྲང་པོ་ཏ་ལའི་སྒོ་འཛིན་མངག་ཉོ་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་8པ་ནས་སྔོན་མངགས་བྱེད་པའི་སྤ་སེ་ལེན་ཚར་བའི་བར་ཡིན་ཞིང་།  སྒོ་འཛིན་མངག་ཉོ་བྱེད་པར་འགྲོ་གྲོན་གང་ཡང་མི་ལེན། མི་རེས་ཆེས་མང་ན་ཡང་མི་བཞིའི་སྒོ་འཛིན་སྔོན་མངག་(རང་ཉིད་ཀྱང་ཚུད་)བྱས་ཆོག་པ་དང་། དེར་ངེས་པར་དུ་སྔོན་བཀོད་བྱེད་མཁན་ཚང་མའི་ཐོབ་ཐང་ལག་ཁྱེར་འཁྱེར་དགོས། 
          རིགས་གཞན་དེ་ནི་དྲ་ཐོག་ནས་སྔོན་མངགས་བྱེད་པ་དང་། ཡུལ་སྐོར་པས“ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་དྲ་ཚིགས”སྟེང་ཐོ་འགོད་བྱས་པ་བརྒྱུད་ཉིན་བདུན་སྔོན་ལ་སྒོ་འཛིན་མངག་ཉོ་བྱས་ཆོག གཞུང་ཕྱོགས་དྲ་ཚིགས་ཀྱིས་མངགས་ཉོ་དང་ལེན་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ནས་ཆུ་ཚོད་གསུམ་བར་ཡིན། ཉིན་བདུན་ནང་ཚུན་གྱི་སྒོ་འཛིན་མངག་ཉོ་བྱས་ཆོག  ཐོ་འགོད་ཨང་གྲངས་གཅིག་གིས་ཆེས་མང་ན་སྒོ་འཛིན་ལྔ་ཉོས་ཆོག་པ་དང་། དྲ་ཐོག་ནས་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་ཉོ་བའི་ནུས་ལྡན་དཔང་ཡིག་ནི་གྲོང་མིའི་ ཐོབ་ཐང་ལག་ཁྱེར་རམ་ཡང་ན་གནས་སྐབས་ཀྱི་ཐོབ་ཐང་ལག་ཁྱེར་ཡིན། མིག་སྔར“ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་སྟེགས་བུའི་” སྐད་འཕྲིན་སྤྱི་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཡུལ་སྐོར་པས་སྤྱི་སྟེགས་སུ་ཐོ་འགོད་བྱས་ནས་གཞུང་ཕྱོགས་དྲ་ཚིགས་དང་སྦྲེལ་ཏེ་སྒོ་འཛིན་མངག་ཉོ་བྱེད་ཀྱང་ཆོག
          སྔོན་ལ་མངག་མཁན་གྱི་ཡུལ་སྐོར་པས་མི་སྒེར་གྱི་དབང་གིས་ཉིན་དེར་ལྟ་སྐོར་བྱེད་མི་ཐུབ་ཚེ། ཕོ་བྲང་པོ་ཏ་ལའི་སྔོན་མངགས་སྒེའུ་ཁུང་དུ་སོང་ནས་དུས་ལྟར་དུས་ཚོད་ནར་འགྱངས་སམ་ཡང་ན་མེད་པ་བཟོ་རྒྱུའི་རེ་ཞུ་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཕོ་བྲང་པོ་ཏ་ལའི་སྤ་སེའི་ལས་དོན་མ་ལག་གིས་རང་འགུལ་ངང་ཁྱེད་ཀྱི་སྤ་སེ་ཉོ་བའི་ཆ་འཕྲིན་མིང་ཐོ་ནག་པོའི་ནང་དུ་བཅུག་ནས་གཟའ་འཁོར་གཅིག་ནང་སྤ་སེ་སླར་ཡང་ཉོ་མི་ཐུབ།
          ཆར་བ་འབབ་པའི་དུས་ཚིགས་སུ་འདྲེད་བར་ཡིད་གཟབ་བྱེད་དགོས། 
          ཕོ་བྲང་པོ་ཏ་ལའི་འབྲེལ་ཡོད་འགན་འཁུར་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་པར་གསལ་འདེབས་བྱེད་དོན།  རྡོ་སྐས་ཀྱི་ལམ་ཡིན་པའི་དབང་གིས་ཆར་ཆུའི་དུས་ཚིགས་སུ་ཆར་བ་བབས་ཏེ་བཞའ་རླན་ཆེ་བས་འདྲེད་ཤུར་རྒྱག་པ་དང་།  ཡུལ་སྐོར་པ་དང་གྲོང་མིས་ངེས་པར་དུ་འདྲེད་འགོག་ལྷམ་གྱོན་དགོས་ཤིང་། ལུས་རྩལ་གྱོན་གོས་གྱོན་ན་རླུང་འགོག་པ་དང་དེ་བས་སྟབས་བདེ་བ་བཅས་ཡོད་པས་སྨད་གཡོགས་དང་ལྷམ་རྟིང་མཐོ་པོ་ཅན་གང་ཐུབ་ཀྱིས་མི་གྱོན་པར་བྱ།
          གཙུག་ལག་ཁང་དུ་སྒོ་འཛིན་སྔོན་མངག་གི་ལམ་ལུགས་ལག་བསྟར་བྱས་པ། 
          ལྷ་ས་གྲོང་ཁྱེར་ལྷ་ལྡན་གཙུག་ལག་ཁང་གི་དོ་དམ་ཨུ་ལྷན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ་7པའི་ཚེས་21ཉིན་ནས་བཟུང་སྒོ་འཛིན་སྔོན་མངག་གི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ཉིན་རེའི(15:30-19:00)བར་ཉིན་གཉིས་པའི (ཆུ་ཚོད་8:30-12:00)ལྟ་སྐོར་གྱི་སྒོ་འཛིན་མངག་ཉོ་བྱེད་པ་དང་། དུས་ལས་ཡོལ་རྗེས་འགྲོ་ལུགས་མི་སྒྲུབ།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1