རང་ཁུལ་གྱིས་གཉིས་བཀུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 07-29


  

རང་ཁུལ་གྱིས་གཉིས་བཀུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་འཚོགས།

   སྤྱི་ཟླ7པའི་ཚེས22ཉིན། ཁུལ་ཡོངས་ཀྱི་གཉིས་བཀུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གྲོས་ཚོགས་དར་མདོར་འཚོགས་པ་རེད། གྲོས་ཚོགས་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཉིས་བཀུར་ལས་ཀའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱས་པས་མ་ཚད། ད་དུང་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་དང་སླད་ཕྱིན་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་གཉིས་བཀུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ལིའུ་ཁྲེང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་གཉིས་བཀུར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་གཞོན་པ་དང་པོ་ཞའོ་ཡིའུ་ཚའེ་གྲོས་ཚོགས་ནང་ཞུགས་པ་རེད།

     ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐན་ཆང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱིན་ཐེན་ཧྥེ་བཅས་གྲོས་ཚོགས་ནང་ཞུགས་ཡོད།

      ལིའུ་ཁྲེང་མིང་གིས་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་རྗེས་གསུངས་དོན། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་ཞིང་གཉིས་བཀུར་ལས་ཀའི་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་ཏན་ཏིག་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་ལས་ཀའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྔར་ལྷག་གིས་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་འདུ་ཤེས་བཞི་བརྟན་པོ་འཛིན་པ། གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ་། འཚོ་སྲུང་གཉིས་བྱེད་ཐུབ་པ་བཅས་བྱས་ནས་དུས་རབས་གསར་པའི་གཉིས་བཀུར་ལས་ཀའི་ལས་དོན་གྱི་འཕེལ་ཕྱོགས་གཏོང་འཛིན་ནན་པོ་བྱས་ནས་གཉིས་བཀུར་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་ཇེ་བརྟན་དུ་གཏོང་ཞིང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་ངོས་འཛིན་གསལ་པོ་བྱས་ནས་ཀྲུང་དབྱང་གིས་གཉིས་བཀུར་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་བྱེད་ཕྱོགས་དང་སྲིད་ཇུས། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་མཐར་ཕྱིན་པ་བྱས་ཏེ། ས་གནས་ཀྱིས་དམག་ཁག་འཛུགས་སྐྲུན་རྒྱབ་སྐྱོར་བྱེད་པ་དང་དམག་ཁག་གིས་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྒྱུད་ནས་སྔ་ལས་ལྷག་པར་རྒྱ་ཆེའི་དམག་དམངས་ཀྱི་བློ་གྲོས་དང་ནུས་ཤུགས་དེ་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་དང་གསུམ་འཛུགས་མཉམ་སྤེལ་སྐུལ་འདེད་གཏོང་བའི་ཁྲོད་གཅིག་སྒྲིལ་ཡོང་བ་བྱས་ནས་རྒྱུན་ཆད་མེད་པར་ཏང་སྲིད་དམག་མཉམ་འཛིན་དང་གཉིས་བཀུར་ལས་ཁུངས་ཀྱིས་དོན་འཁྱོལ་བྱ་རྒྱུར་མཐུན་སྦྱོར་བྱས་པ་དང་། རྒྱ་ཆེའི་དམག་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ཏུ་ཞུགས་པའི་མཉམ་འཛུགས་མཉམ་སྤྱོད་ཀྱི་རྣམ་པ་སྲ་བརྟན་དུ་ཆགས་པ་བྱ་དགོས།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དུས་རབས་གསར་པའི་གཉིས་བཀུར་ལས་ཀ་ཇུས་འགོད་དང་གཉེར་རྒྱུ་དེ་ཡུན་རིང་གི་ལས་འགན་དང་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། ངེས་པར་དུ་གནས་བབ་ལས་འགན་གྱི་འཕེལ་ཕྱོགས་འགྱུར་ལྡོག་དང་། དམག་ཁག་དང་ས་གནས་བར་གྱི་བཅོས་བསྒྱུར་འཛུགས་སྐྲུན་གྱི་གནས་ཚུལ་དངོས་ལ་དམིགས་ནས་སྔ་ལས་ལྷག་པས་ལས་ཀར་འགོ་ཁྲིད་བྱ་རྒྱུ་ཤུགས་བསྣན་ཏེ། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རྒྱུན་ཆད་མེད་པར་གཉིས་བཀུར་ལས་ཀ་ཇེ་ཟབ་ཏུ་གཏང་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་གཅེས་དམག་བཀུར་དང་དམངས་གཅེས་ལེགས་འབུལ་གྱི་སྲོལ་རྒྱུན་བཟང་པོ་དར་རྒྱས་གོང་འཕེལ་བཏང་སྟེ་རྒྱུན་ཆད་མེད་པར་བཅོས་བསྒྱུར་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱས་ནས་ཁྱོན་ཡོངས་ནས་གནས་བབ་གསར་པའི་འོག་གི་གཉིས་བཀུར་ལས་ཀའི་ཆུ་ཚད་མཐོར་འདེགས་གཏང་དགོས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1