གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༢༩ཉིན།

ཞི་ཅིན་ཕིང་གིས་སྐབས་བདུན་པའི་ཁུའུ་པུའུ་ཆིའི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེཌ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

            སྐབས་བདུན་པའི་ཁུའུ་པུའུ་ཆིའི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་ཟླ་7ཚེས་27ཉིན་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་དུ་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
              ཞི་ཅིན་ཕིང་གིས་མིའི་རིགས་ལ་སའི་གོ་ལའི་ཁྱིམ་གཞིས་གཅིག་ལས་མེད། བྱེ་ཐང་ཅན་འགོག་བཅོས་བྱ་རྒྱུ་ནི་མིའི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་རླབས་ཆེའི་བྱ་གཞག་ཅིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་བྱེ་འགོག་བྱེ་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་རང་བྱུང་ཁམས་ཞི་མཐུན་མཛེས་སྡུག་ལྡན་པ་ཡོང་བ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
              ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྱེ་ཐང་ཅན་འགོག་བཅོས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁུའུ་པུའུ་ཆི་བྱེ་ཐང་བཅོས་སྒྲིག་བྱེད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོར་ཡུག་སྣོད་བཅུད་བཅོས་སྐྱོང་དང་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་པར་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་2030ལོའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་འབྲེལ་མཐུད་གཏིང་ཟབ་བྱས་པ་དང་འབྱུང་འགྱུར་ལ་ཕྱོགས་ནས་ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་གྱི་རྨང་གཞི་མཉམ་དུ་བསྐྲུན་རྒྱུ་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་མཛེས་སྡུག་དང་གཙང་སྦྲ་དོད་པའི་འཛམ་གླིང་སྐྲུན་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་པ་དེ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1