ཁྲེན་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་སྟེ་རྔ་ཁུལ་གྱི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར་151.04བཏང་ཟིན།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-30


        ཉེ་ཆར་གསར་འགོད་པས་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ནས་རྒྱུས་ལོན་པ་ལྟར་ན། ཟླ་6པའི་ཟླ་མཇུག་གི་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་སྟེ་རྔ་ཁུལ་གྱི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར151.04བཏང་ཟིན། དེ་ལས་ཟླ་1པ་ནས་ཟླ་6པའི་བར་དུ་སྒོར་དུང་ཕྱུར་6.49བཏང་ཡོད།

        རྒྱུས་ལོན་པ་ལྟར་ན། ཕུག་ལམ་བཅོ་ལྔ་ཚང་མ་སྐྲུན་མགོ་ཚུགས་པ་དང་ཕུག་ལམ་སྨི་216961.65བརྐོས་པ་དེས་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ་91.63ཟིན་པ་དང་། ཟམ་པ་ཆེ་འབྲིང་ཆུང་གསུམ་སོ་དྲུག་སྐྲུན་མགོ་ཚུགས་པ་དེས་ཇུས་གཞིའི་སྡོམ་གྲངས་ཀྱི་བརྒྱ་ཆ་98.94ཟིན་པ། ལམ་གཞིའི་ལམ་མཚམས་བཅུ་གསུམ་སྐྲུན་མགོ་ཚུགས་པ་དང་ས་རྡོ་སྨི་གྲུ་བཞི་ལྷམ་པ་ཁྲི་487.15བརྐོས་པ་དེས་ཇུས་གཞིའི་སྡོམ་གྲངས་ཀྱི་བརྒྱ་ཆ་92.74ཟིན། གཞན་ཡང་། ལྕགས་ལམ་སྐྲུན་སའི་ལམ་རྒྱུད་ས་ཞིང་མུའུ་3413.98ཡུན་རིང་དུ་བསྡུས་སྤྱོད་བྱས་པ་དང་། ལམ་འགྲམ་གྱི་ས་ཞིང་མུའུ་152.29ཡུན་རིང་དུ་བསྡུས་སྤྱོད་བྱས་པ་དང་། ས་ཞིང་མུའུ་7884.1གནས་སྐབས་སུ་བསྡུས་སྤྱོད་བྱས་པ་དང་། ས་ཞིང་མུའུ་733.03བཀོད་སྒྲིག་བྱེད་སར་བསྡུ་ལེན་བྱས་པ་དང་། ཁང་བ་748བཤིག་སྤོ་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1