སྲོལ་རྒྱུན་གྱི་གཡག་རྒྱུག་འགྲན་བསྡུར།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-31



        འོང་སྐོར་ལ་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། འོང་ཁར་སྐོར་བ་བརྒྱབ་སྟེ་ལོ་ལེགས་ཡོང་བར་སྨོན་འདུན་ཞུ་བའི་བྱེད་སྒོ་ཞིག་རེད། ཚེས་27ཉིན་ལོ་གཅིག་དུས་གཅིག་གི་འོང་སྐོར་ལ་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གྱིས་སྲོལ་རྒྱུན་གྱི་གཡག་རྒྱུག་འགྲན་བསྡུར་གཉེར་ཞིང་། འདི་ནི་ཚེས་27ཉིན་འབྲོག་པས་སྲོལ་རྒྱུན་གྱི་གཡག་རྒྱུག་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1