ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-01


      ཟླ7ཚེས30ཉིན་གྱི་དགོང་མོར།2019ལོའི་སི་ཁྲོན་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་གྱི་ཡན་ལག་ཚོགས་རའི་བྱེད་སྒོའི་གྲས་ཤིག་སྟེ། ལི་ཐང་དུ་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ་ཞེས་པའི་བརྗོད་དོན་གཙོ་བོར་བྱས་པའི་སི་ཁྲོན་ལི་ཐང་གི་སྐབས་གསུམ་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་འགོ་ཚུགས་མཛད་སྒོ་དང་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་གཟབ་རྒྱས་ངང་སྤེལ་བ་རེད།


ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཕིང་ཀྲི་དབྱིང་། ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ལི་ཤིན་ཝུན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་ཆོས་འཕེལ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཀྲི་ཀུའེ། ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་བཅས་བྱེད་སྒོར་ཞུགས་པ་རེད།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

   ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་སྙན་ངག་འགྲན་བསྡུར་ལས་བརྩམས་ཆོས599བསྡུ་བའི་ནང་གཟབ་ནན་དང་གཞུང་དྲང་གིས་དཔྱད་འདེམས་བྱས་པར་བརྒྱུད་བྱ་དགའ་རིམ་པ་དང་པོ་དང་གཉིས་པ།གསུམ་པ་བཅས་དང་། དེ་བཞིན་ཕུལ་བྱུང་བྱ་དགའ་ཐོབ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས38དཔྱད་འདེམས་བྱས་པ་རེད།

   འགོ་ཚུགས་མཛད་སྒོའི་ཐོག་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཕིང་ཀྲི་དབྱིང་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སྐལ་བཟང་འགྱུར་མེད། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་དགེ་ལེགས་རྡོ་རྗེ་བཅས་ཀྱིས་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་སྐབས་གཉིས་པར་བྱ་དགའ་ཐོབ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།

གླུ་གར་ཆེ་གྲས་ཚངས་དབྱངས་རྒྱ་མཚོ་དང་མཇལ་བ་ཞེས་པའི་འཁྲབ་སྟོན།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།
ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།

ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་གསུམ་པ་འགོ་ཚུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1