རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅོ་བརྒྱད་པ་མཚོ་ནུབ་ཁུལ་ནས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-02


        ཏང་གི་ཚོགས་ཆེན༡༩པའི་དགོངས་དོན་དང་ཞི་ཅིན་ཕིང་གི་མི་རིགས་ལས་དོན་བྱ་བའི་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པའི་དུས་རབས་གསར་བའི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བ་སྐུལ་འདེད་བྱ་ཆེད། ༢༠༡༩ལོའི་ཟླ༨པའི་ཚེས༡ཉིན་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་་ཙཱ་འི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས༡༨པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་ཚོགས་འགོ་བརྩམས་པ་དང་།ཐེངས་འདིའི་ཚོགས་འདུ་ལ་ ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆི་དང་། ཀྲུང་གོའི་ལོ་ཙྰ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཨ་ལོའི་མུའུ་ཧྲ་པའེ་ཐེའུ་སོགས་གཙོ་བྱས་པའི་ས་གནས་ཁག་གི་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས། 

ཚོགས་ཐོག་ནས་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆིས་གཏམ་བཤད་གནང་བཞིན་པ།

    ཚོགས་ཐོག་ནས་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་ལན་ཀྲི་ཆིས་སྙན་ཞུ་ཕུལ་སྐབས།མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་ནི་ཡིག་སྒྱུར་ལས་དོན་གི་སྲོག་རྩ་ལྟ་བུར་འཛིན་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ལ་གཞོགས་འདེགས་བྱ་དགོས་ལ། མར་ཁེ་སིའི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལ་བརྟེན་ནས་ཡིག་སྒྱུར་ཞིབ་འཇུག་དང་ཡིག་སྒྱུར་ལག་ལེན་ལ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཞེས་བསྟན།

ཚོགས་ཞུགས་འཐུས་མི།
        རྒྱལ་ཡོངས་ཀྱི་ཞིང་ཆེན༡༤དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆེད་མཁས་པ་ཚོགས་འདུར་ཞུགས་ཡོད་པ་རེད།   ཐེངས་འདིའི་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70ཡི་རིང་ལ་མི་རིགས་སྐད་ཡིག་ཡིག་སྒྱུར་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོང”ཞེས་པ་དེ་ཡིན་ལ། བྱེ་བྲག་ཏུ་ཆབ་སྲིད་ཡིག་ཚགས་དང་མི་རིགས་གནའ་དཔེའི་ལོ་ཙཱ་དང་རྒྱུད་སྒྲོག་སྐོར་བགྲོ་གླེང་བྱས་པར་མ་ཟད། ད་དུང་མི་རིགས་སྐད་ཡིག་ལོ་ཙཱའི་ལོ་རྒྱུས་དང་། མིང་བརྡ་གསར་བའི་ལོ་ཙཱ། ལོ་ཙཱའི་ཤེས་ལྡན་མི་སྣ་གསོ་སྐྱོང་། འཕྲུལ་ཆོས་ལོ་ཙཱ་སོགས་ཀྱི་ཐད་ནས་ཀྱང་བགྲོ་གླེང་བྱས་པ་རེད། 

ཚོགས་ཞུགས་འཐུས་མི།

    གཞན་ཐེངས་འདིའི་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བློ་འདོན་ཟུར་པ། ལོ་ཙཱ་བ་གྲགས་ཅན་མགོ་ལོག་རྣམ་རྒྱལ་དང་ཐེན་ཅིན་བཟོ་ལས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ལོ་ཙཱའི་ཆེད་མཁས་པ་ཝང་ཀྲུ་གོ། ཡོངས་འཛིན་འཚོལ་བཤེར་དྲ་ཚིགས་ཀྱི་ལག་རྩལ་ཆེད་མཁས་པ་དཀོན་མཆོག་རྡོ་རྗེ་བཅས་ཀྱིས་མི་རིགས་སྐད་ཡིག་གི་ལོ་ཙཱ་དང་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་སྐོར་གྱི་འཆད་ཁྲིད་ཀྱང་གནང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1