ཁྲོ་ཆུ་རྫོང་གིས་སྐབས་གཉིས་པའི་འཁྱགས་ཀླུང་ཚོན་ལྡན་ནགས་ཀྱི་དུས་ཆེན་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-21


སྤྱི་ཟླ་10པའི་ཚེས་20ཉིན་གྱི་ཞོགས་པར། 2004ལོའི་སོ་ཁྲོན་གྱི་ལོ་མ་དམར་པོའི་སྐྱེ་ཁམས་ཡུལ་སྐོར་དུས་ཆེན་དང་ཁྲོ་ཆུ་རྫོང་གི་སྐབས་གཉིས་པའི་འཁྱགས་ཀླུང་ཚོན་ལྡན་ནགས་ཀྱི་དུས་ཆེན་དེ་ཁྲོ་ཆུ་རྫོང་ནས་གཟབ་རྒྱས་ངང་འཚོགས་ཤིང་། ཁྲོ་ཆུ་རྫོང་གི་སྤྱི་ལེ་གྲུ་བཞི་མ་3000ཡི་ས་ལ་ཁྱབ་པའི་ལོ་མ་དམར་པོའི་ཚོན་ལྡན་ནགས་ཚལ་དེ་ནི་ཡུལ་སྐོར་བ་རྣམས་ཀྱིས་ཚོན་ལྡན་ནགས་ལ་ལྟད་མོ་བལྟ་སའི་གནས་མཆོག་ཡག་ཤོས་སུ་གྱུར།

དུས་ཆེན་འགོ་འཛུགས་མཛད་སྒོའི་ཐོག ཚོན་མདངས་སྣ་ལྔའི་ཁྲོ་ཆུ་ཞེས་པའི་བརྗོད་དོན་གླུ་དབྱངས་བླངས་ཤིང་། དེ་མིན་དཔྱིད་ཀྱི་འདེབས་འཛུགས་དང་སྟོན་གྱི་འབྲས་བཟང་སོགས་ས་གནས་མང་ཚོགས་ཀྱིས་དམངས་སྲོལ་ཀྱི་ཁྱད་ཆོས་ལྡན་པའི་གླུ་དང་ཞབས་བྲོ་སྣ་ཚོགས་འཁྲབ་སྟོན་བྱས་པར། རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ།

ཐེངས་འདིའི་ཁྲོ་ཆུ་རྫོང་འཁྱགས་ཀླུང་ཚོན་ལྡན་ནགས་ཀྱི་དུས་ཆེན་སྤྱི་ཟླ་11པའི་ཚེས་19བར་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་ལ། བྱེད་སྒོ་སྤེལ་བའི་རིང་། ཁྲོ་ཆུ་རྫོང་གིས་སི་ཁྲོན་ཞིང་ཆེན་ནགས་ཚལ་སྤྱི་གླིང་འཛུགས་སྐྲུན་དང་བོད་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཁྱབ་སྤེལ་ལས་ཀ ཚོང་བསྡུ་དངུལ་འདྲེན་གྱི་བཞུགས་མོལ་གྲོས་ཚོགས་བཅས་དུས་མཉམ་དུ་སྤེལ་རྒྱུ་ཡིན་འདུག །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1