གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༥ཉིན།

ཚོ་ཆུང་གཉིས་ཀྱིས་ཕ་མཁར་སེང་ཕྲུག་སྟག་རྩེ་སོགས་སུ་རྟོག་ཞིབ་བྱས།


གླིང་གི་ཕ་མཁར་སེང་ཕྲུག་སྟག་རྩེའི་མཁར་ཤུལ་གནས་ཡུལ་གླིང་འགུ་ཟི་དགོན།
        སྤྱི་ཟླ་8པའི་ཚེས་1ཉིན།  ཁམས་ཁུལ་དུ་བསྐྱོད་ནས་གླིང་གི་རྗེས་ཤུལ་བཙལ་བའི་མཛད་སྒོ་སྡེ་དགེའི་ཨ་ཕྱུག་ནས་སྤེལ་འགོ་ཚུགས་རྗེས་ཚོ་ཆུང་གཉིས་སུ་བགོས་ཏེ་ཚོ་ཆུང་དང་པོ་ཨ་ཕྱུག་དང་།  སྟག་དགོན།  ཁྲོ་ཤུལ་འགབ་མ།  དབོན་པོ།  ཁྲོམ་རྫ་འགབ་མ།  ཨ་རིག་རྫ་སོགས་ཀྱི་གླིང་གི་རྗེས་ཤུལ་ཨ་མྱེ་སྒོམ་པ་ར་ཛ་འདུལ་ས།  ཇོ་རུའི་ཕྱུགས་འཚོ་ས།  ཇོ་རུའི་བེའུ་རྩག་གཏེར་དུ་སྦས་སའི་བྲག །རྒྱ་ཚ་སྐུ་གཤེགས་ས།  སྤྱི་དཔོན་སྣང་ངུ་གཡུ་སྟག་སྐུ་གཤེགས་ས་སོགས་སུ་རྟོག་ཞིབ་བྱས།
ཚོ་ཆུང་གཉིས་པས་སེར་ཤུལ་རྫོང་ཁོངས་སུ་རྟོག་ཞིབ་བྱེད་བཞིན་པ།

ཚོ་ཆུང་དང་པོས་རྒྱ་ཚ་ཞལ་དཀར་གྲོངས་ཡུལ་དུ་རྟོག་ཞིབ་བྱེད་བཞིན་པ།

རྟོག་ཞིབ་བྱེད་བཞིན་པ།


        ཚོ་ཆུང་གཉིས་པ་འགུ་ཟི་དགོན་གྱི་གླིང་གི་ཕ་མཁར་སེང་ཕྲུག་སྟག་རྩེའི་མཁར་ཤུལ་དང་གླིང་གི་ཕ་འབུམ།  ཁྲབ་རྨོག །གླིང་གི་ཕ་ཟོག་ནོར་བུ་ཆ་བདུན་གྱི་ནང་ཚན་ཁྲོ་ཡི་ལེ་མགོན་ནག་པོ།  ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རིན་ཆེན་སྟེང་གི་ཕོ་བྲང་དཀར་མོ་འབུམ་རྫོང་།  བཟང་མགོ་དགོན་གྱི་གེ་སར་ལྷ་ཁང་།  སེར་ཤུལ་རྫོང་གི་ར་རུ་འབར་ག་ཕྱོགས་ཀྱི་གླིང་གི་ཕུ་ནུ་ཁྱི་ཤི་བུ་ཡི་སྒུ་རུའི་མཁར་ཤུལ།  འདན་མའི་ཤར་ལུང་རི་དྲུག་གི་མཁར་རྫོང་མཁར་ཤུལ།  བཀའ་ཕུ་དགོན་སོགས་སུ་རྟོག་ཞིབ་བྱས།
འགུ་ཟི་མཁན་པོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ནོར་བུ་དབང་ལྡན་གཙོས་པའི་རྟོག་ཞིབ་མི་སྣར་སྣེ་ལེན་མཛད་བཞིན་པ།

        རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་བཟང་མགོ་དགོན་ནས་གེ་སར་རྒྱལ་པོའི་རྟོགས་བརྗོད་དང་འབྲེལ་བའི་གནའ་ཡིག་ལ་རྟོག་ཞིབ་གནང་བཞིན་པ།
ཁྱི་ཤི་བུ་ཡི་སྒུ་རུའི་མཁར་ཤུལ།
        རྟོག་ཞིབ་ཚོ་ཆུང་འདན་ཁོག་ཏུ་སླེབས་དུས་དགོང་མོའི་ཆུ་ཚོད་དགུ་ལ་སླེབས་རུང་།  དྲག་ཆར་རླུང་འཚུབ་ཁྲོད་དུ་མུ་མཐུད་ནས་མཚན་མོའི་ཆུ་ཚོད་བཅུ་གཅིག་བར་འདན་ཤུག་རའི་ལྷ་མཁར་རིང་མོ་སྟེ་ཕོ་བྲང་དམར་པོ་དང་།  ཤུག་ར་དགོན་པའི་མཁན་པོ་ངག་དབང་སྦྱིན་པས་བཞེངས་པའི་འདན་མའི་དྲན་གསོ་ཁང་སོགས་སུ་རྟོག་ཞིབ་བྱས།

ལོ་རྒྱུས་ཀྱི་བདེན་དཔང་།
        རྟོག་ཞིབ་ཚོ་ཆུང་གི་མཁས་དབང་ཀརྨ་རྒྱལ་མཚན་གྱིས་གེ་སར་གྱི་རྗེས་ཤུལ་རིག་གནས་ནི་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་གལ་ཏེ་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་སར་མ་ཡོང་ན་གླིང་གི་རྗེས་ཤུལ་གཏམ་རྒྱུད་ལ་རྒྱུས་མངའ་ཡང་དག་པར་མི་ཡོང་བས་ད་ཐེངས་ཀྱི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་གྱི་རྗེས་ཤུལ་འཚོལ་བའི་བྱ་འགུལ་འདི་ལ་དོན་སྙིང་གལ་ཆེན་ལྡན་འདུག་གསུངས། །
ཚོ་ཆུང་དང་པོ།

ཚོ་ཆུང་གཉིས་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1