གེ་སར་ཆེད་མཁས་པ་ཚོས་ཡུལ་ཤུལ་ཁུལ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 08-06



        ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་དུས་སྐབས་འདི་དང་བསྟུན་ནས་ཚེས་བཞི་ཉིན་གྱི་ཕྱི་དྲོར།  ཁམས་ཡུལ་འགྲུལ་བསྐྱོད་གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་གྱི་གྲོས་ཚོགས་སྒ་སྐྱེ་རྒུ་མདོར་གཟབ་རྒྱས་ངང་འཚོགས།
        《གླིང་སྒྲུང་།》ཕྱོགས་བསྒྲིགས་དེ་བོད་རིགས་ཀྱི་གནའ་བོའི་ཤེས་རིག་གི་གྲུབ་འབྲས་ཆེན་པོ་དང་འཛམ་གླིང་རྩོམ་རིག་བང་མཛོད་ནང་གི་ལོ་རྒྱུས་སྙན་རྩོམ་རིང་ཤོས་དེ་ཡིན།  གནའ་དེང་བོད་རིགས་མི་དམངས་ཀྱི་སྤྱང་གྲུང་དང་བློ་གྲོས།  རླབས་ཆེན་གསར་གཏོད་ཀྱི་བྱེད་ནུས་མཚོན་ཐུབ་པ་དང་།  མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཐོག་གི་རྒྱུ་ནོར་ཧ་ཅང་རྩ་ཆེན་ཞིག་ཡིན།  “གཞས་བཏང་ཚར་རྒྱུ་མེད་པའི་གླིང་སྒྲུང་”དང་“བྲིས་ནས་ཚར་རྒྱུ་མེད་པའི་གླིང་སྒྲུང་”ཞེས་ཡུལ་ཤུལ་ན་མཚན་སྙན་མཆིས།  ད་དུང་ཡུལ་ཤུལ་ནི་གེ་སར་གྱི་གཞས་གདངས་མང་ཤོས་དང་གྱེར་འདོན་སྒྱུ་རྩལ་པ་མང་ཤོས།  གེ་སར་གྱི་པར་གཞི་མང་ཤོས།  གླིང་སྒྲུང་ལ་ལྟ་མཁན་མང་ཤོས་དང་།  དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་ཤོས་ཀྱི་ས་ཆ་ཞིག་རེད།
        གྲོས་ཚོགས་ཐོག་ཡུལ་ཤུལ་ཁུལ་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཅང་ཧའེ་མེ་གདན་དྲངས་ནས་ཤིས་ཚིག་ཕུལ་བ་དང་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཡུལ་ཤུལ་ཁུལ་《གླིང་སྒྲུང་།》ཞིབ་འཇུག་སློབ་ཚོགས་ཀྱི་ཚོགས་གཙོ་ངག་དབང་དགེ་ལེགས་ཀྱིས་ཡུལ་ཤུལ་ཁུལ་གྱི་རིག་གནས་འདུ་འགོད་གལ་ཆེན་《གླིང་སྒྲུང་།》རྣམ་གྲངས་ཀྱི་གྲུབ་འབྲས་གཙོ་བོ་ངོ་སྤྲོད་མདོར་བསྡུས་དང་ཡུལ་ཤུལ་ཁུལ་གྱི་མཐོ་རིམ་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་ཝུན་ཏེས་གླིང་སྒྲུང་རིག་གནས་སློབ་གྲྭར་སྤེལ་བའི་ལས་དོན་སྤེལ་ཚུལ་དང་ཡུལ་ཤུལ་གྲོང་ཁྱེར་གྱི་སློབ་ཆུང་གསུམ་པའི་སློབ་གཙོ་གཡུ་བྱམས་ཀྱིས་གླིང་སྒྲུང་གི་ཤེས་བྱ་དེས་སློབ་ཆུང་ཁྱད་ཆོས་ལྡན་པའི་སློབ་གཉེར་ཁྲོད་ཀྱི་བཀོལ་སྤྱོད་གནས་ཚུལ།  ཡུལ་ཤུལ་གྲོང་ཁྱེར་གྱི་བྱིས་སློབ་ཁང་ལྔ་པའི་ཡོན་ཀྲང་བསོད་ནམས་དར་སྐྱིད་ཀྱིས་བྱིས་པའི་སློབ་གསོ་ཁྱབ་གདལ་གྱི་གནས་ཚུལ་སོགས་བརྗོད་པ་དང་གེ་སར་ཆེད་མཁས་པ་དག་དང་མཉམ་དུ་རང་མོས་ངང་གཏམ་བཤད་སྤེལ་རེས་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1