ནོར་བུ་གླིང་ཁར་གནའ་དཔེ་པོ་ཏི་840ལྷག་ལ་ཞིབ་བཤེར་ལེགས་འགྲུབ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-07


     ཉེ་ཆར། བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་ནོར་བུ་གླིང་ཁ་དོ་དམ་ཁང་གཉིས་ཀྱིས་མཉམ་དུ་ནོར་བུ་གླིང་ཁའི་གནའ་དཔེ་ལ་ཞིབ་བཤེར་ཐོ་འགོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་གླིང་ཁའི་གནའ་དཔེ་ཞིབ་བཤེར་ཐོ་འགོད་ལས་དོན་ནི་ཟླ་བ་ཁ་ཤས་རིང་ལ་བྱས་ཡོད་ཅིང་། ཟླ་8ཚེས་1ཉིན་བར། ཞིབ་བཤེར་གྲངས་འབོར་ནི་པོ་ཏི་842ཟིན་ཡོད། མིག་སྔར། ལས་བྱེད་མི་སྣས་དུས་རབས་19པའི་《བཀའ་འགྱུར་》བྲིས་མ་ཞིབ་བཤེར་ཐོ་འགོད་བྱེད་བཞིན་ཡོད། ཞིབ་བཤེར་ཡོངས་ལ་ལས་བྱེད་མི་སྣས་གནའ་དཔེའི་ལྗིད་ཚད་དང་ཆེ་ཆུང་། ཁ་བྱང་། ཤོག་ལྷེབ་ཨང་གྲངས། རལ་བ་དང་འབུས་ཟོས་པ་སོགས་ཀྱི་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱ་རྒྱུ་རེད། པར་འདི་ནི་གནའ་དཔེ་བརྙན་པར་ཆ་འཕྲིན་བསྡུ་ལེན་བྱེད་ཚུལ་ཡིན། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1