གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༨ཉིན།

རྨོས་བསྐྱུར་ཤིང་འཛུགས་ལག་བསྟར་བྱས་ནས་རི་ལྗང་དམངས་ཕྱུག་གི་རྣམ་པ་མངོན་འགྱུར་བྱུང་།


   ད་ལོ་ནི་རྨོས་བསྐྱུར་ཤིང་འཛུགས་ཀྱི་ལས་གྲྭ་ལག་བསྟར་བྱས་ནས་ལོ20འཁོར་བ་རེད། རང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་སྔོན་དུ་རྨོས་བསྐྱུར་ཤིང་འཛུགས་ཀྱི་ཚོད་ལྟ་བྱ་ཡུལ་གྱི་གྲོང་ཁྱེར﹙ཁུལ﹚6གི་ཡ་གྱལ་ཞིག་ཡིན་ཞིང་། རྨོས་བསྐྱུར་ཤིང་འཛུགས་ཚོད་ལྟ་བྱས་ཏེ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དང་གྲུབ་འབྲས་སྲ་བརྟན། རྨོས་བསྐྱུར་ཤིང་འཛུགས་ཀྱི་ལས་ཀ་སླར་ཡང་སྤེལ་བའི﹙རེས་སྐོར་གསར་པ﹚ལོ20ཡི་རིང་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དུས་རབས་འཕེལ་རིམ་བྱུང་དང་འབྱུང་ཡོད་པ་རེད།
    ལོ20ཡི་རིང་ལ ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་མཉམ་ལས་དང་དཀའ་སྤྱད་འབད་འཐབ་བྱས་ནས་རིམ་རྩིས་བྱས་ན་རྨོས་བསྐྱུར་ཤིང་འཛུགས་ཀྱི་ལས་གྲྭའི་རྒྱ་ཁྱོན་མུའུ་ཁྲི88.85ལེགས་གྲུབ་བྱུང་ཡོད། ﹙དེའི་ནང་རེས་སྐོར་སྔོན་མར་རྨོས་བསྐྱུར་ཤིང་འཛུགས་མུའུ་ཁྲི80.8དང་། རེས་སྐོར་གསར་པར་ནགས་ཚལ་མུའུ་ཁྲི8.55ཕྱིར་སློག་བྱས་པ།﹚རྨོས་བསྐྱུར་ཤིང་འཛུགས་ཀྱི་ལས་གྲྭའི་ལེ་ལག་ཚང་བའི་རི་རྒོད་དང་ས་རྒོད་མུའུ་ཁྲི36.5﹙ཆའོ་མུའུ་ནགས་ཚལ་མུའུ་ཁྲི34.9དང་སྡོང་ཐུང་ནགས་ཚལ་མུའུ་ཁྲི1.6 ﹚རི་རྒྱ་ནགས་གསོ་མུའུ་ཁྲི22.6ཡོད་པ། གཞི་ཁྱོན་དང་སྤུས་ཀ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་རྣམ་པ་བརྟན་སྲུང་བྱས་པ་དང་། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཁྱད་ཆོས་མངོན་གསལ་དོད་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཧུར་ཐག་གཏོད་ཡོད་པ་རེད།
   རྒྱལ་ཁབ་ཀྱི་རེས་གསར་པའི་རྨོས་བསྐྱུར་ཤིང་འཛུགས་ལས་གྲྭའི་བླང་བྱ་ལྟར། རང་ཁུལ་གྱིས་སྒྲིག་འཛུགས་བྱས་ནས2014ལོ་ནས2018ལོའི་ལོ་འཁོར་གྱི་རེས་གསར་པའི་རྨོས་བསྐྱུར་ཤིང་འཛུགས་དང་རྩྭ་འདེབས་འཛུགས་སྐྲུན་གྱི་གཞི་ཁྱོན་བསྡོམས་འབོར་མུའུ་ཁྲི8.55﹙དེའི་ནང་རྨོས་བསྐྱུར་ཤིང་འཛུགས་མུའུ་ཁྲི8.4དང་རྨོས་བསྐྱུར་རྩྭ་འདེབས་མུའུ་ཁྲི0.15﹚ལག་བསྟར་བྱས་ཡོད། འཛུགས་སྐྲུན་ཁྱབ་ཁོངས་ནི་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། བརྒྱད་ཟིལ་རྫོང་། ཉག་རོང་རྫོང་། རྟའུ་རྫོང་། དཔལ་ཡུལ་རྫོང་། སྡེ་རོང་རྫོང་། འབའ་ཐང་རྫོང་། འདབ་པ་རྫོང་། སེར་ཤུལ་རྫོང་། བྲག་མགོ་རྫོང་། ལི་ཐང་རྫོང་བཅས་རྫོང﹙གྲོང་ཁྱེར﹚12ཀྱི་ཡུལ་ཤོག142 སྲིད་འཛིན་གྲོང་སྡེ586དུད་ཚང20357གྱི་མི་ཁྲི8.0516﹙དེའི་ནང་ཞིང་དུད་ཁྲོད་དབུལ་སྐྱོར་གནད་སྨིན་གྱི་དབུལ་པོ་དུད་ཚང1478﹚ཁྱབ་ཡོད་པ་རེད། ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར10.922བཏང་ནས་རྨོས་བསྐྱུར་ཤིང་འཛུགས་དུད་ཚང་ཚང་མར་སྲིད་ཇུས་ཀྱི་ཁ་གསབ་རོགས་དངུལ་སྒོར5365ཐོབ་པ་དང་། རྨོས་བསྐྱུར་ཤིང་འཛུགས་ལས་གྲྭའི་ས་ཁུལ་གྱི་ཞིང་འབྲོག་པར་ལོ་རེ་རེ་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྟེར་བའི་ལག་དངུལ་སྒོར1356
﹙གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15560ཡི་བརྒྱ་ཆ8.7﹚ཐོབ་ཡོད་པ་རེད།
    མི་རིགས་ས་ཁུལ་གྱི་རྨོས་བསྐྱུར་ཤིང་འཛུགས་ཀྱི་གྲུབ་འབྲས་སྲ་བརྟན་གཏང་ཆེད། རང་ཁུལ་གྱིས་རྨོས་བསྐྱུར་ཤིང་འཛུགས་ལས་གྲྭའི་ས་ཁུལ་གྱིས་རྗེས་མཐུད་ཀྱི་ཐོན་ལས་ཆེད་དོན་འཛུགས་སྐྲུན་འཕེལ་རྒྱས་ཧུར་ཐག་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། རྨོས་བསྐྱུར་ཤིང་འཛུགས་ལས་གྲྭའི་ས་ཁུལ་གྱི་སྟར་ག་དང་གཡེར་མ་གཉིས་ཀྱི་ཡོང་འབབ་ལོ་རེར་ཆ་སྙོམས་སྒོར350འཕར་བ། སྟར་ག་དང་གཡེར་མ་སོགས་ཀྱི་ཕྱིར་ཚོང་ཡོང་འབབ་དེ་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། འབའ་ཐང་རྫོང་། སྡེ་རོང་རྫོང་། ཕྱག་ཕྲེང་རྫོང་སོགས་ཀྱི་ཞིང་པའི་ཕྱུག་པོར་ཆགས་སའི་ཡོང་འབབ་ཡོང་ཁུངས་གཙོ་བོར་གྱུར་ཡོད་པ་རེད།
    རྨོས་བསྐྱུར་ཤིང་འཛུགས་ལས་གྲྭ་ལག་བསྟར་བྱས་པར་བརྒྱུད། ཁུལ་ཡོངས་ཀྱི་སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་ཅུང་ཡག་པོ་ཐོབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཟང་པོ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གཅིག་ནས་སྐྱེ་ཁམས་ཕན་འབྲས་མངོན་འགྱུར་བྱུང་ཡོད་པ་དང་། གཉིས་ནས་དབུལ་ཐར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། གསུམ་ནས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1