གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

དཀོན་རྡོར་དང་དོན་གྲུབ་ཆོས་སྒྲོན རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༨ཉིན།

ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་རྗེས་ཁུལ་འཚོལ་བའི་མགོ་ལོག་ཁུལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

    ཟླ་བ་8པའི་ཚེས་7ཉིན། གླིང་གེ་སར་གྱི་འཁྲུངས་ཡུལ་དུ་བསྐྱོད་པའི་བྱེད་སྒོ་ཐེངས་བཞི་པ་སྟེ། ཁམས་ཡུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བའི་མགོ་ལོག་ཁུལ་གྱི་བཞུགས་མོལ་ཚོགས་འདུ་རྨ་ཆེན་དུ་འཚོགས། 
    རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གཙོས་པའི་པེ་ཅིན་དང་བོད་ལྗོངས། མཚོ་སྔོན་སོགས་ནས་ཕེབས་པའི་ཆེད་མཁས་པ་དང་གསར་འགོད་པ། མགོ་ལོག་ཁུལ་གྱི་གེ་སར་རིག་གནས་ཆེད་མཁས་པ་ལྡོང་ནོར་སྡེ་དང་། འཇུ་སྐལ་བཟང་། མཚོ་སྐྱེས་རྡོ་རྗེ་སོགས་བསྡོམས་པས་མི་བདུན་ཅུ་ཙམ་བཞུགས་མོལ་ཚོགས་འདུ་ནང་ཞུགས། 
    དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་དབུ་གཙོ་འགྱུར་མེད་ཆོས་དབྱིངས་ཀྱིས་ཐེངས་འདིའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་རྗེས་ཁུལ་འཚོལ་བའི་དམིགས་ཡུལ་དང་། མགོ་ལོག་ས་ཁུལ་དུ་རྟོག་ཞིབ་བྱས་པའི་མྱོང་ཚོར་སྐོར་གྱི་གསུང་བཤད་གནང་། 
    མགོ་ལོག་ཁུལ་གེ་སར་གཞུང་ལས་ཁང་གི་དབུ་གཙོ་མཚོ་སྐྱེས་རྡོ་རྗེས་མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་ཀྱི་དམངས་ཁྲོད་ཀྱི་རྨང་གཞི་གཏིང་ཟབ་ཚུལ་དང་། མགོ་ལོག་གེ་སར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་ངོ་སྤྲོད་གནང་། 
    དེ་རྗེས་རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གེ་སར་ཆེད་མཁས་པ་དཔལ་བརྒྱ་སྤྲུལ་སྐུ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་སྔོན་མའི་ཀྲུའུ་ཞི་གཞོན་པ་ཀརྨ་རྒྱལ་མཚན། དཀར་མཛེས་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི། གེ་སར་ཆེད་མཁས་པ་ཀརྨ་བསོད་ནམས། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་དབུ་གཙོ་གཞོན་པ་དབྱང་ཧྲེང། སྙན་ངག་པ་འཇུ་སྐལ་བཟང་། དགུ་སྟོད་དགོན་པའི་སྤྲུལ་སྐུ་ངག་དབང་ཆོས་འཕེལ།  རྒྱ་རིགས་གེ་སར་ཞིབ་འཇུག་པ་ལུའི་ཨན་ཆོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མུའུ་ཧྲི་ཧྭ་བཅས་ཀྱིས་གསུང་བཤད་གནང་། མགོ་ལོག་གི་གེ་སར་ཆེད་མཁས་པ་གྲགས་ཅན་ལྡོང་ནོར་སྡེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1