སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བའི་དཔེ་མཚོན་གྱོད་དོན6ཡོངས་བསྒྲགས་ཐེར་འདོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-08



    
    ཉེ་ཆར། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བར་མུ་མཐུད་ནས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ས་གནས་དང་སློབ་གྲྭར་སྐུལ་འདེད་བཏང་ནས་ཞིབ་བཤེར་ཐག་གཅོད་བྱས་པའི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བའི་དཔེ་མཚོན་གྱོད་དོན6ཐེར་འདོན་བྱས་པ་རེད།
    དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། སློབ་གསོ་པུའུ་ཡིས2018ལོར《དུས་རབས་གསར་པའི་མཐོ་སློབ་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ》དང་། 《དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ》 《དུས་རབས་གསར་པའི་བུ་བཅོལ་ཁང་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ》བཅས་བཀྲམ་པ་རེད།
    དཔེ་མཚོན་གྱི་གྱོད་དོན6དེ་དག་ནི་ཁག་བགོས་ཏེ་ཧུའུ་ནན་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་གི་དགེ་རྒན་ལིའུ་ཆེ་གེ་མོས་སློབ་མའི་ས་ནས་སློབ་ཡོན་རང་དགར་བསྡུས་པ་དང་འབྲེལ་ཧམ་བཟུང་བྱས་པའི་གནད་དོན་དང་། ཧྲང་ཧའེ་ཧའེ་ཧྲི་སློབ་ཆེན་གྱི་དགེ་རྒན་ཅང་ཆེ་གེ་མོའི་རིག་གཞུང་བགྲོ་གླེང་གི་རྣམ་པ་མི་ལེགས་པའི་གནད་དོན། དབྱང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཧྭ་ཆེ་གེ་མོས་སློབ་མར་འདོད་སྲེད་བརྙས་བསྐོ་བྱས་པའི་གནད་དོན། ནང་སོག་པའོ་ཐུའོ་གྲོང་ཁྱེར་ཧུད་མིང་སློབ་འབྲིང་གི་དགེ་རྒན་ཅ་ཆེ་གེ་མོའི་རིན་ཡོད་གསབ་ཁྲིད་ཀྱི་གནད་དོན། ཀོང་ཤིས་པའེ་སི་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ཅང་ཆེ་གེ་མོས་སློབ་མར་མཐོང་ཆུང་ཉེས་རྡུང་བཏང་བ་དང་སློབ་གྲྭའི་ཕྱི་རོལ་གྱི་གསོ་སྦྱོང་སྒྲིག་གཞིར་སློབ་མའི་ཡོང་ཁུངས་ངོ་སྤྲོད་བྱེད་པ་སོགས་ཀྱི་གནད་དོན། ཀོང་ཏུང་ཁྲའོ་ཀྲོའུ་གྲོང་ཁྱེར་རུང་ཕིང་རྫོང་ཧྭ་ཆའོ་སློབ་འབྲིང་གི་དགེ་རྒན་ཝུའུ་ཆེ་གེ་མོས་སློབ་མར་འདོད་སྲེད་བརྙས་བསྐོ་བྱས་པའི་གནད་དོན་བཅས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1