གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༡༢ཉིན།

གསེར་མཚོའི་མཁའ་ལམ་བསྐྱར་གསོ་བྱས་འདུག

      ཟླ་8ཚེས་8ཉིན་གྱི་སྔ་དྲོའི་དུས་ཚོད་11དང་སྐར་མ་25ཐོག ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་ནས་གསེར་མཚོའི་གནམ་གྲུ་འབབ་ཐང་དུ་འཕུར་བའི་གནམ་གྲུ་3U8009བདེ་བླག་ངང་འཕུར་ཐུབ་པ་བྱུང་། འདི་ནི་གཟི་རྩ་སྡེ་དགུའི་8.8ཀྱི་ས་འགུལ་བྱུང་རྗེས་ཀྱི་ཆེས་ཐོག་མའི་གནམ་གྲུ་འཕུར་བ་ཡིན་ལ་ཀུན་གྱིས་རེ་ཤིང་སྒུག་པའི་གཟི་རྩ་སྡེ་དགུའི་གསེར་མཚོའི་གནམ་གྲུ་འབབ་ཐང་བདེ་ལག་ངང་བསྐྱར་གསོ་བྱུང་བའང་ཡིན། 
      2017ལོའི་གཟི་རྩ་སྡེ་དགུའི་8·8ས་འགུལ་བྱུང་རྗེས། གཟི་རྩ་སྡེ་དགུའི་ལྗོངས་ཁུལ་བསྐྱར་གསོ་བྱས་ཤིང་། གནས་སྐབས་སུ་ལྗོངས་ཁུལ་གྱིས་མགྲོན་པོ་སྣེ་ལེན་བྱེད་མཚམས་བཞག མ་གཞི་ད་ལོའི་ཟླ་1ཚེས་17ཉིན་ནས་གཟི་རྩ་སྡེ་དགུའི་མཁའ་ལམ་བསྐྱར་གསོ་བྱེད་རྩིས་ཡོད་ཡོད་མོད། མཁའ་ལམ་ཀུང་སིས་མགྲོན་པོ་ཉུང་བར་གཞིགས་ཏེ་མཁའ་ལམ་བསྐྱར་གསོའི་དུས་ཡུན་རིང་དུ་བཏང་།
      གཟི་རྩ་སྡེ་དགུའི་གསེར་མཚོའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར། ང་ཚོས་མུ་མཐུད་དུ་མཁའ་ལམ་སྒོ་འབྱེད་བྱས་ཏེ། འབད་པ་ཆེན་པོས་མཁའ་ལམ་ཀུང་སི་དང་ལྗོངས་སྐོར་ལྟེ་གནས། ལྗོངས་ཁུལ་བཅས་ལ་རོགས་འདེགས་ཀྱིས་ལྗོངས་སྐོར་ཐོན་རྫས་ཕྱིར་འཚོང་དང་། མགྱོགས་མྱུར་སྒོས་མཁའ་ལམ་འགྲུལ་བཞུད་བསྐྱར་གསོ་བཅས་བྱས་ནས་རྔ་ཁུལ་གྱི་ལྗོངས་སྐོར་ལས་རིགས་འཕེལ་བར་བྱ་དགོས། ཞེས་ཟེར་རོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1